logo

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཐོ་སྒང་གི་སྐྱེ་ཁམས་ཐད་ལ་བྱེད་ནུས་ཁུལ་ཆེན་པོ་ལྔའི་བསམ་ཕྱོགས་བཏོན་པ།

རྩོམ་པ་པོ།:ལྗོན་སྨྱུག་གིས་བསྒྱུར། ཡོང་ཁུངས།:ནོར་དཔལ་ཚགས་པར་དང་པོ།   དུས་ཚོད།:2011-04-21 ཀློག་གྲངས།:
            ཉིན་འགའི་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མདོ་དབུས་མཐོ་སྒང་དུ“བྱེད་ནུས་ཁུལ་ཆེན་པོ་ལྔ”རུ་དགར་བའི་བསམ་ཕྱོགས་ཐོག་མར་བཏོན་ཏེ། ས་ཁུལ་གཙོ་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་བྱས་ཁར། མདོ་དབུས་མཐོ་སྒང་གི་ཉིན་རེར་སྐྱེ་ཁམས་ཉམས་ཞན་ཚབས་ཆེན་དུ་འགྲོ་བཞིན་པའི་ཚུལ་དེར་བཀག་འགོག་ཕན་སླེབས་ཆེ་བ་ཞིག་ཡོང་བར་རེ་སྙེག་བྱེད་བཞིན་ཡོད། 
            ཟླ4བའི་ཚེས30ཉིན་ཙུང་ལི་ཝུན་ཅ་པའོ་ཡིས་གཙོ་སྐྱོང་གནང་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་སྟེང་དུ། 《མདོ་དབུས་མཐོ་སྒང་གི་ས་ཁོངས་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་འཆར་འགོད﹙2011ལོ་ནས2030ལོའི་བར﹚》ལ་གྲོས་བསྡུར་བྱས་ཏེ་གྲོས་འཆམ་བྱུང་བ་རེད། 
            འཆར་འགོད་དེའི་ནང་ལྟར་ན། རྒྱལ་ཁབ་ཀྱིས་ས་ཁུལ་སོ་སོའི་ས་གཤིས་ཀྱི་ཁྱད་ཆོས་དང་།  རང་བྱུང་གི་ཆ་རྐྱེན། ཐོན་ཁུངས་དང་ཁོར་ཡུག་གི་ཐེག་ཤུགས་མི་འདྲ་བར་གཞིགས་ནས་མདོ་དབུས་མཐོ་སྒང་དེ་ཉིད་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་ཁུལ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་བདེ་འཇགས་སྲུང་སྐྱོབ་ཁུལ། རོང་འབྲོག་ལས་ཀྱི་ཁོར་ཡུག་བདེ་འཇགས་སྲུང་སྐྱོབ་ཁུལ། ཐོན་ཁུངས་ཁུལ་དང་སྔོན་ཞིབ་རྗེས་འགོད་ཁུལ་སོགས་ཁུལ་གཞན་དག་ཏུ་དགར་རྒྱུ་ཡིན་པ་མ་ཟད། འོས་མཐུན་གྱི་དོ་དམ་བྱེད་ཐབས་ཀྱང་གཏན་འབེབས་བྱ་རྒྱུ་རེད། 


             《ནོར་སྲིད་དཔལ་འབྱོར་ཉིན་རེའི་ཚགས་པར་ཨང་དང་པོའི་》གསར་འགོད་པས་ཡིད་འཇོག་བྱས་པ་ལྟར་ན། བསམ་ཕྱོགས་དེ་ནི2009ལོའི་ཟླ༢པའི་ཚེས18ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《བོད་ལྗོངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོབ་དང་འཛུགས་སྐྲུན་སྐོར་གྱི་འཆར་འགོད(2008ལོ་~2030ལོའི་བར་)》དང་བསྡུར་ན་ཡར་རྒྱས་བྱུང་ཡོད། སྐབས་དེའི་འཆར་འགོད་ནང་བོད་ལྗོངས་དེ་ཉིད་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཁུལ་༣དང་གཞན་ཁུལ10རུ་དགར་ཡོད་པ་རེད། 
            མདོ་དབུས་མཐོ་སྒང་ཞེས་པའི་ནང་དུ་བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཡུན་ནན། ཀན་སུའུ། ཤིན་ཅང་བཅས་ཞིང་ཆེན་དྲུག་﹝ལྗོངས﹞གི་ས་ཁུལ27དང་རྫོང179འདུས་པ་ཡིན། ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་སྟེང་དུ། རང་བྱུང་ཁོར་ཡུག་རྙོག་འཛིང་ཆེ་ལ་དང་ཉམས་ཞན་ཡིན་པ་དང་། ས་ཁོངས་ཀྱི་ཐོན་ལས་སྒྲིག་གཞི་ལུགས་མཐུན་མིན་པས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་དཀའ་བའི་ཉེན་ཁའི་གནས་སུ་འཕྲད་ཡོད་པ་དང་། སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་སྔར་བཞིན་ལྕི་ཞེས་བསྟན་པ་རེད།
            ཀྲུང་གོའི་ཚན་རིག་གླིང་གིས་ལྟ་ཞིབ་ཚད་འཇལ་བྱས་པ་ལས་གསལ་བ་ལྟར་ན། མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ཅུང་ཞན་པའི་རྐྱེན་གྱིས་སའི་གོ་ལ་ཡོངས་ཀྱི་གནམ་གཤིས་ཇེ་དྲོར་འགྲོ་བ་དེས་བོད་ལྗོངས་ཀྱི་རང་བྱུང་སྐྱེ་ཁམས་མ་ལག་ལ་ཤུགས་རྐྱེན་ངན་པ་རབ་དང་རིམ་པ་བཟོས་འདུག   བོད་ལྗོངས་ལ་དཔེ་བླངས་པའི་འབྲེལ་ཡོད་ཞིབ་འཇུག་ལས་གསལ་བ་ནི། 1961ལོ་ནས2007ལོའི་བར་དུ། བོད་ཁུལ་གྱི་ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་དེ་ལོ10རེར0.32℃ཡི་མགྱོགས་ཚད་ལྟར་ཇེ་མཐོར་ཕྱིན་པ་དང་། དེ་ནི་རྒྱལ་ཡོངས་དང་སའི་གོ་ལའི་དྲོད་ཚད་ཇེ་མཐོར་འགྲོ་བ་ལས་ཀྱང་མཐོ་བ་མངོན་གསལ་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།