ལྷ་སའི་སྤྱི་སྤྱོད་རླངས་འཁོར་ཐོག་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་ཐོག་ནས་ཀློག་སྟོན་བྱེད་པའི་མ་ལག་སྤྱོད་
རྩོམ་པ་པོ།:རིན་ཆེན་གྱིས་བསྒྲིགས།
ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར།
དུས་ཚོད།:2011-04-19
ཀློག་གྲངས།:
བོད་ལྗོངས་སློབ་ཆེན་གྱིས་ལག་བསྟར་བྱས་པའི་རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མའི་གསར་གཏོད་རང་བཞིན་གྱི་ཚོད་ལྟའི་འཆར་གཞིའི་རྣམ་གྲངས་ཏེ་ལྷ་སའི་སྤྱི་སྤྱོད་རླངས་འཁོར་ཐོག་གི་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་ཐོག་ནས་རླངས་འཁོར་འབབ་ཚུགས་ཀློག་སྟོན་བྱེད་པའི་མ་ལག་དེར་ཉེ་ཆར་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཞིབ་དཔྱད་རྩིས་ལེན་བྱས་པ་རེད།
ལྷ་སའི་སྤྱི་སྤྱོད་རླངས་འཁོར་སྡོད་མཁན་འགྲུལ་པ་ཚོས་ཆ་འཕྲིན་འཚོལ་ཞིབ་བྱ་རྒྱུར་སྟབས་བདེ་ཡོང་ཆེད། བོད་ལྗོངས་སློབ་ཆེན་གྱིས་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་ཐོག་ནས་རླངས་འཁོར་འབབ་ཚུགས་ཀློག་སྟོན་བྱེད་པའི་མ་ལག་དེ་རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མའི་གསར་གཏོད་རང་བཞིན་གྱི་ཚོད་ལྟའི་འཆར་གཞིའི་རྣམ་གྲངས་སུ་འདུན་ཞུ་བྱ་རྒྱུ་དང་སྦྲགས་འབྲེལ་ཡོད་ཀྱི་ཆེད་ལས་དགེ་སློབ་སོགས་འཇོན་ཐང་ཅན་སྒྲིག་འཛུགས་བྱས་ཏེ་ཞིབ་འཇུག་གསར་སྤེལ་ལས་དོན་ཡང་འགོ་འཛུགས་རྒྱུ་ཡིན་པ་རེད། ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་ཁོངས་གཏོགས་ཀྱི་དགོས་མཁོ་དངོས་གཞིར་བཟུང་། ཞིབ་འཇུག་གསར་སྤེལ་ལས་དོན་ཚོགས་ཆུང་གིས་ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་ཁོངས་གཏོགས་ཀྱི་ལམ་ཐིག24ཡི་རླངས་འཁོར་འབབ་ཚུགས་ཚང་མའི་ཆ་འཕྲིན་བསྡུ་རུབ་བྱེད་པ་དང་སྦྲགས་བསྡུ་རུབ་བྱས་པའི་ལམ་ཐིག་གི་ཐོན་ཁུངས་དེ་དག་བོད་རྒྱ་དབྱིན་གསུམ་ལ་བསྒྱུར་བ་དང་སྐད་གསུམ་གྱི་ཐོག་ནས་སྒྲ་ལ་ཕབ་པ་དང་དེ་བཞིན་ཡིག་རིགས་གསུམ་བརྙན་ཤེལ་ཐོག་བསྟན་རྒྱུ་སྒྲིག་བཟོ་བྱེད་པ། རྗེས་སུ་ཐོན་ཁུངས་ཚང་མ་གསར་སྤེལ་བྱས་པའི་མ་ལག་ནང་འཇུག་པ་བཅས་དཀའ་སྤྱད་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་མིག་སྔར་རྣམ་གྲངས་ཞིབ་འཇུག་གསར་སྤེལ་གྱི་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་ནས་མ་ལག་དེ་ལམ་ཐིག་ཁག་གཅིག་ལ་བེད་སྤྱོད་བྱེད་འགོ་ཚུགས་ཡོད་པ་དང་ལམ་ཐིག་གཞན་དག་ལའང་སྒྲིག་སྦྱོར་དང་སྙོམས་སྒྲིག་ཚོད་ལྟ་བྱེད་བཞིན་ཡོད་པ་རེད།

འབྲེལ་ཡོད་འོས་སྦྱོར།