logo

འབྲས་སྤུངས་དགོན་པ་ཞིག་གསོའི་བརྒྱ་ཆའི་དགུ་བཅུ་ལེགས་འགྲུབ་བྱུང་བ།

རྩོམ་པ་པོ།:ལྗོན་སྨྱུག ཡོང་ཁུངས།:ཀྲུང་གོའི་རླུང་འཕྲིན་དྲ་བ།   དུས་ཚོད།:2011-04-18 ཀློག་གྲངས།:


འབྲས་སྤུངས་དགོན་པ་ཞིག་གསོ་བྱེད་བཞིན་པ།

            བོད་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གཅིག་པའི”རིག་དངོས་སྲུང་སྐྱོབ་ལས་གཞིའི་གྲས་ཀྱི་གཅིག་ཡིན་པའི་འབྲས་སྤུངས་དགོན་པ་ཞིག་གསོ་བྱེད་པའི་ལས་གཞིའི90%ཡན་ལེགས་འགྲུབ་བྱུང་།“ལོ་ལྔ་ཚན་བཅུ་གཉིས་པར་”བོད་ལྗོངས་ཀྱིས་མུ་མཐུད་དུ་འབྲས་སྤུངས་དགོན་པའི་རིག་དངོས་ཉམས་གསོའི་ལས་གཞི་ཐད་མ་དངུལ་གཏོང་བར་ཤུགས་སྣོན་བྱ་རྒྱུ་རེད།
            ཚེས15ཉིན་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་།“ལོ་ལྔ་ཚན་བཅུ་གཅིག་པའི” རིག་དངོས་གཙོ་བོ་ཞིག་གསོ་སྲུང་སྐྱོབ་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རིན་གྱི་འགན་གཅིག་ལྕོགས་སུ་བཞེས་པའི་རྒྱ་རི་བློ་བཟང་བསྟན་འཛིན་བཅས་ལྷན་རྒྱས་ཀྱིས་འབྲས་སྤུངས་དགོན་པའི་རིག་དངོས་སྲུང་སྐྱོབ་བྱ་བ་སྤེལ་ཚད་དང་། ཞིག་གསོའི་ཁྲོད་གནས་པའི་དཀའ་ངལ་གྱི་སྐོར་དགོན་པའི་དོ་དམ་པ་དང་རིག་དངོས་སྡེ་ཚན། ཨར་ལས་སྡེ་ཚན་བཅས་དང་མཉམ་དུ་གླེང་མོལ་མཛད།


ཞིག་གསོའི་ལས་ལ་ཞུགས་པའི་ངལ་རྩོལ་བ།

            2009ལོའི་ཟླ6པར།“ལོ་ལྔ་ཚན་བཅུ་གཅིག་པའི”རིག་དངོས་སྲུང་སྐྱོབ་ལས་གཞི་གཙོ་བོའི་གྲས་ཀྱི་གཅིག་ཏེ་འབྲས་སྤུངས་དགོན་པའི་སྲུང་སྐྱོབ་ལས་གཞི་དངོས་སུ་འགོ་བརྩམས་པ་རེད། མིག་སྔར་ལས་གཞི་ཡོངས་ཀྱི་90%ཡན་ལེགས་འགྲུབ་བྱུང་ཡོད།
            རྒྱ་རི་བློ་བཟང་བསྟན་འཛིན་གྱིས་འདི་སྐད། འབྲས་སྤུངས་དགོན་པའི་རིག་དངོས་ཞིག་གསོ་དང་སྲུང་སྐྱོབ་ལས་གཞི་ལག་བསྟར་བྱ་རྒྱུ་ནི་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ཏང་གི་ཆོས་ལུགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་།ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱེད་པ། དགོན་སྡེའི་དོ་དམ་བྱ་བར་ཤུགས་སྣོན་པའི་བྱེད་ཐབས་གལ་ཆེན་ནང་གི་གཅིག་རེད་ཅེས་དང་།ཡང་ཁོས“ལོ་ལྔ་ཚན་བཅུ་གཉིས་པར”བོད་ལྗོངས་ཀྱིས་མུ་མཐུད་དུ་འབྲས་སྤུངས་དགོན་པའི་རིག་དངོས་སྲུང་སྐྱོབ་ལ་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་སྟེ། དགོན་པའི་བདེ་འཇགས་ཉེན་འགོག་འཛུགས་སྐྲུན་ཐད་སྒོར་ཁྲི1500གཏོང་བར་བརྩོན་ལེན་བྱ་རྒྱུ་ཡིན་ཟེར།


འབྲེལ་ཡོད་འོས་སྦྱོར།