logo

མཚོ་སྔོན་གྱི་ཐང་གའི་སྒྱུ་རྩལ་ཕུལ་བྱུང་ཐོན་རྫས་འགྲེམ་སྟོན་དེ་པེ་ཅིན་ནས་སྤེལ་རྒྱུ་ཡིན་པ།

རྩོམ་པ་པོ།:རྡོ་རྗེ་བསམ་འགྲུབ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2011-04-17 ཀློག་གྲངས།:
            གསར་འགོད་པས་ཟླ4བའི་ཚེས15ཉིན་སྤེལ་བའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། “མཐོ་སྒང་གི་ཁྱད་ལྡན་སྒྱུ་རྩལ་སྟེ་མཚོ་སྔོན་གྱི་ཐང་གའི་སྒྱུ་རྩལ་ཕུལ་བྱུང་ཐོན་རྫས་འགྲེམ་སྟོན”དེ་ཟླ5བའི་ཚེས10ཉིན་པེ་ཅིན་ཀོང་ཝང་ཧྥུའུ་ནས་སྤེལ་རྒྱུ་རེད།
            ཐེངས་འདིར་འགྲེམ་སྟོན་བྱ་འགུལ་དེ་རིག་གནས་པུའུ་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཟི་དང་མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན། རིག་གནས་པུའུ་ཀོང་ཝང་ཧྥུའུ་དོ་དམ་ལྟེ་གནས་བཅས་ཀྱིས་གཙོ་སྒྲུབ་བྱེད་རྒྱུ་རེད། འགྲེམ་སྟོན་བྱ་འགུལ་དེ་ཟླ5བའི་ཚེས10ཉིན་བཟུང་འགོ་བརྩམས་ཏེ་དུས་ཡུན་ཟླ་གཉིས་ལ་འགྲེམ་སྟོན་བྱེད་རྒྱུ་ཡིན་པ་དང་། འགྲེམ་སྟོན་ལ་ཞུགས་པའི་བརྩམས་ཆོས100ལྷག་ཡོད་པ་དེ་དག་ཚང་མ་མཚོ་སྔོན་གྱི་རྒྱལ་ཁབ་རིམ་པའི་མཛེས་རིས་བཟོ་རྩལ་པ་དང་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ལས་གཞིའི་འཐུས་ཚབ་མི་སྣ། ཞིང་ཆེན་རིམ་པའི་དམངས་ཁྲོད་སྒྱུ་རྩལ་པ་བཅས་ཀྱི་བརྩམས་ཆོས་ཡིན། འགྲེམ་སྟོན་གྱིས་མཚོ་སྔོན་གྱི་དམངས་ཁྲོད་ཀྱི་ཐང་ཀའི་སྒྱུ་རྩལ་གྱི་ཕུལ་བྱུང་ཐོན་རྫས་སྣ་ཚོགས་འགྲེམ་སྟོན་བྱས་ཏེ་ཕུན་སུམ་ཚོགས་པའི་བོད་ཀྱི་རིག་གནས་སྒྱུ་རྩལ་དང་མཚོ་སྔོན་གྱི་ཐང་ཀའི་ཁྱད་ལྡན་སྒྱུ་རྩལ་རྣམ་པ་ལྟད་མོ་བའི་སྤྱན་སྔར་འགྲེམ་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཉེ་བའི་ལོ་འགའི་རིང་མཚོ་སྔོན་གྱི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་རྒྱུད་འཛིན་སྲུང་སྐྱོབ་བྱ་བའི་གྲུབ་འབྲས་འགྲེམ་སྟོན་བྱེད་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།