logo

བོད་ཀྱི་སྤྱི་ཚོགས་ཀྱི་ཐོད་བརྒལ་དང་འཕོ་འགྱུར་གྱི་བདེན་དཔང་ཞིག་སྟེ་བར་སྐོར་གླིང་།

རྩོམ་པ་པོ།:ལྗོན་སྨྱུག ཡོང་ཁུངས།:ཤིན་ཧྭ་དྲ་བ། དུས་ཚོད།:2011-04-16 ཀློག་གྲངས།:


བར་སྐོར་ནུབ་ལམ་གྱི་ཚོང་ཁང་དང་། ཕར་འགྲོ་ཚུར་འོང་གི་མི་ཚོགས།

            བར་སྐོར་གླིང་ནི་ལྷ་ས་གྲོང་ཁྱེར་གྱི་ལྟེ་བར་ཡོད་ཅིང་། ལྷ་སའི་ཇོ་ཁང་གི་མཐའ་བསྐོར་བའི་སྐོར་ལམ་ཞིག་ཡིན། ད་ལྟའི་བར་ལོ་ངོ1400ལྷག་གི་ལོ་རྒྱུས་ལྡན། ལོ་ངོ་ཆིག་སྟོང་ལྷག་གི་རིང་ལ་སྐོར་ལམ་དེས་ལོ་རྒྱུས་ཀྱི་ཆག་འཇིག་དུ་མ་གདོང་གིས་བསུས་པས་སྤྱི་ཚོགས་ཀྱི་ཐོད་བརྒལ་དང་འཕོ་འགྱུར་གྱི་བདེན་དཔང་ཞིག་ཏུ་གྱུར་ཡོད།


བར་སྐོར་ལམ་དུ་སྐོར་བ་རྒྱག་པ།

            ལོ་ངོ60ཡི་རིང་ལ། བར་སྐོར་གླིང་དེ་ནི་ལྷ་ས་དང་བོད་སྤྱིའི་ཆོས་ལུགས། རིག་གནས། ཚོང་ལས་བཅས་ཀྱི་ལྟེ་གནས་ཡིན་པའི་ཆ་ནས་གོ་གནས་དང་ཕན་ནུས་དེ་ནམ་ཡང་འགྱུར་བ་མེད་པ་མ་ཟད། མུ་མཐུད་ནས་རྒྱ་ཇེ་ཆེ་དང་ཕུན་སུམ་ཚོགས་པར་འགྲོ་བཞིན་ཡོད། 2009ལོའི་ཟླ6པར་བར་སྐོར་གླིང་ལ་རིག་གནས་པུའུ་དང་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་གནང་བའི་ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་སྲང་ལམ་གྲགས་ཅན་ཞེས་པའི་སྐབས་ཐོག་མའི་མཚན་སྙན་གནང་བ་རེད། 


ཚོང་བཤམས་ས་ཆུང་ངུ་མང་པོས་བར་སྐོར་ལམ་གྱི་མཐའ་བསྐོར་ནས་ཡོད་པ།


ཡུལ་སྐོར་བ་འགས་བར་སྐོར་ལམ་དུ་ཡོད་པའི་མ་སྐྱེས་ཨ་མ་ཞེས་པའི་ནང་མར་ཁ་ཟས་ལ་རོལ་བ།

            དེང་སྐབས་བར་སྐོར་གླིང་དུ་བོད་དང་། རྒྱ་རིགས། ཧུའེ་རིགས་སོགས་མི་རིགས་ཁག་གི་མང་ཚོགས་ཧ་ལམ་ཁྲི2སྡོད་པ་དང་། ད་ལྟ་ཡོད་པའི་རིག་དངོས་གནས་ཤུལ29ཡོད་ལ། གནའ་བོའི་བཀོད་ལེགས་ཁང་པ54ཡོད། སྨི་གྲུ་བཞི་མ་ཁྲི1ལྷག་ཡོད་པའི་སྲང་ལམ་གྱི་གཡས་གཡོན་དུ་ཚོང་ཁང1500ལྷག་འདུས་ཡོད་པ་རེད། ལམ་གྱི་འགོ་མཇུག་བར་གསུམ་དུ་ཁྱད་ཆོས་ལྡན་པའི་གསོལ་ཁང་དང་། ཨར་ཁང་། ཇ་ཁང་། མགྲོན་ཁང་བཅས་གང་སར་མཐོང་ཐུབ་པ་མ་ཟད། རིགས་མི་འདྲ་བའི་ཡུལ་སྐོར་བ་ཁྲི་སྟོང་མང་པོ་ཡང་གནས་དེར་འཚང་ཁ་ཤིག་ཤིག་གིས་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད། 


འབྲེལ་ཡོད་འོས་སྦྱོར།