ཡུལ་ཤུལ་གྱི་གེགས་རྗེས་བསྐྱར་སྐྲུན་གྱི་ངལ་རྩོལ་འགྲན་བསྡུར་དངོས་སུ་བྱེད་འགོ་ཚུགས་པ།
རྩོམ་པ་པོ།:རིན་ཆེན་གྱིས་བསྒྲིགས།
ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར།
དུས་ཚོད།:2011-04-16
ཀློག་གྲངས།:
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་རྟེན་འབྲེལ་མེ་སྒྱོགས་ལྡིར་ལྡིར་གྲགས་པ་དང་བསྟུན་ནས་ཞིང་ཆེན་ཡུལ་ཤུལ་ས་ཡོམ་གེགས་རྗེས་བསྐྱར་སྐྲུན་ལས་ཡུལ་བཀོད་འདོམས་པུའུ་དང་། ཞིང་ཆེན་ངལ་རྩོལ་འགྲན་བསྡུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱིས་སྒྲིག་འཛུགས་བྱས་ཏེ་སྤེལ་བའི་ཡུལ་ཤུལ་ཀྲོའུ་ཡི2011ལོའི་གེགས་རྗེས་བསྐྱར་བསྐྲུན་གྱི“གཙོ་ཤུགས་དམག་ཡག་པོ་བྱེད་པ་དང་། ལས་གནས་སུ་ལེགས་སྐྱེས་འབུལ་བ། ཡུལ་ཤུལ་གསར་པ་སྐྲུན་པ”ཞེས་པའི་ངལ་རྩོལ་འགྲན་བསྡུར་དེ་ཡུལ་ཤུལ་རྫོང་མི་རིགས་སློབ་འབྲིང་དང་པོར་འགོ་ཚུགས་མཛད་སྒོ་སྤེལ་ཞིང་། ཞིང་ཨུད་ཀྱི་རྒྱུན་ཨུ་དང་།རྒྱུན་ལས་ཧྲེང་ཀྲང་གཞོན་པ། ཞིང་ཆེན་ཡུལ་ཤུལ་ས་ཡོམ་གེགས་རྗེས་བསྐྱར་སྐྲུན་ལས་ཡུལ་བཀོད་འདོམས་པུའི་བཀོད་འདོམས་དཔོན་བཅས་ཡིན་པའི་ཞུས་ཧྥུ་ཧྲོན་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཞིང་ཨུད་ཀྱི་རྒྱུན་ཨུ་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུའུ་ཉིང་གིས་འགོ་ཚུགས་མཛད་སྒོར་གཙོ་སྐྱོང་གནང་བ་རེད།
འགོ་ཚུགས་མཛད་སྒོའི་ཐོག་ཀྲུང་གོའི་ཆུ་གློག་ཚོགས་པ་ཡུལ་ཤུལ་གེགས་རྗེས་བསྐྱར་སྐྲུན་ལས་ཡུལ་བཀོད་འདོམས་པུའི་ལས་ཁུལ་གསུམ་པ་སོགས་མཉམ་སྡེབ23ལ་མཚོ་སྔོན་ཞིང་ཆེན་གྱི“བཟོ་པ་གདོང་ལེན་ཅན”གྱི་གཟི་བརྗིད་མཚན་སྙན་གནང་ཞིང་། ཞུས་ཧྥུ་ཧྲོན་དང་སུའུ་ཉིང་སོགས་འགོ་ཁྲིད་ཀྱིས་སྔོན་ཐོན་མཉམ་སྡེབ་ལ་གོས་དར་སྤྲད་པ་མ་ཟད་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཡང་ཞུས་པ་རེད།

འབྲེལ་ཡོད་འོས་སྦྱོར།