མཚོ་སྔོན་པོའི་གནས་སྐོར་ས་ཁུལ་དུ་གནས་སྐོར་དུས་ཚིགས་སྔ་མོ་ནས་ཐོན་པ།
ཟླ3པའི་ཚེས31ཉིན་ནས་བཟུང་མཚོ་སྔོན་ཞིང་ཆེན་མཚོ་སྔོན་པོའི་གནས་སྐོར་ས་ཁུལ་དུ་མགྲོན་པོ་ཇེ་མང་ནས་ཇེ་མང་དུ་སོང་། ཟླ4བའི་ཚེས1ཉིན་ནས་བཟུང་གནས་དེ་རུ་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་དང་ལྕགས་རྟ་ཡང་མངོན་གསལ་གྱིས་ཇེ་མང་དུ་སོང་བ་དང་། ས་གནས་དེའི་འབྲོག་པ་མང་ཚོགས་ཀྱིས་ཀྱང་རྟ་དང་གཡག་ཁྲིད་ཡོང་སྟེ་ཚོང་ལས་གཉེར་མགོ་བརྩམས། གནས་དེའི་བོད་རིགས་བུ་མོ་ལྷ་མོས་ཟླ4བའི་ཚེས4ཉིན་གཅིག་པུར་ཚོང་བརྒྱབ་ནས་ཡོང་སྒོ་སྒོར400བླངས།
མཚོ་སྔོན་པོ་གནས་སྐོར་ས་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བས་བཤད་པ་ལྟར་ན། འདས་མཆོད་དུས་ཆེན་གྱི་ངལ་གསོའི་དུས་ཡུན་ཐུང་ངུ་ཙམ་གྱི་རིང་ལ་མཚོ་སྔོན་པོ་གནས་སྐོར་ས་ཁུལ་གྱིས་ཆ་སྙོམས་སྒོས་ཉིན་རེར་གནས་སྐོར་བ300ཡས་མས་སྣེ་ལེན་བྱས་པས་ཉིན་རྒྱུན་ལས50%ཇེ་མང་དུ་སོང་ཟེར། མཛེས་སྡུག་གི་མཚོ་སྔོན་གྱི་མཚན་སྙན་ཇེ་མཐོར་སོང་བ་དང་བསྟུན་ནས་མཚོ་སྔོན་གྱི་གནས་སྐོར་ས་ཁུལ་གཙོ་བོ་སྟེ་མཚོ་སྔོན་པོའི་གནས་སྐོར་ས་ཁུལ་གྱི་མཚན་སྙན་ཡང་ཇེ་མཐོར་སོང་། ཐེངས་འདིའི་འདས་མཆོད་དུས་ཆེན་གྱི་ངལ་གསོའི་སྐབས་སུ་པེ་ཅིན་དང་ཧྲན་དུང་། ཧྥུའུ་ཅན། ཀན་སུའུ། ཐེ་ཝན། ཞང་ཀང་སོགས་ས་ཁུལ་གྱི་གནས་སྐོར་བ་མང་པོ་ཡོང་པས་མཚོ་སྔོན་པོའི་གནས་སྐོར་ས་ཁུལ་དུ་གནས་སྐོར་བས་ཁེངས་ཡོད། །