logo

མང་རྫོང་གིས་བོད་ལུགས་གཙགས་དྲུབ་རིག་གནས་ཐོན་ལས་ར་བ་འཛུགས་སྐྲུན་ལས་འགོ་རྩོམ་པའི་མཛད་སྒོ་སྤེལ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-04-08 ཀློག་གྲངས།:


མཛད་སྒོའི་ཡུལ་དངོས། 

            ཟླ4ཚེས6ཉིན།  མང་རྫོང་གིས་གཙགས་དྲུབ་རིག་གནས་ཐོན་ལས་ར་བ་འཛུགས་སྐྲུན་ལས་འགོ་རྩོམ་པའི་མཛད་སྒོ་སྤེལ་ཞིང་།  རྫོང་ཨུའི་ཧྲུའུ་ཅི་ཅང་ཧྲུའུ་ཁྲིན་དང་རྫོང་སྲིད་གྲོས་ཀྲུའུ་ཞི་འཕགས་མོ་ཚེ་རིང་།  རྫོང་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་ཀུའུ་ཝིན་ཅུན།  རྫོང་དམངས་འཐུས་རྒྱུན་ཨུའི་ཀྲུའུ་རིན་གཞོན་པ་རྡོ་རྒྱལ་སོགས་འགོ་ཁྲིད་རྣམས་ལས་ཚུགས་མཛད་སྒོ་ལ་ཞུགས་པ་དང་།  རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་གུར་མགོན་ཚེ་རིང་གིས་མདོ་འཛིན་མཛད་པ་རེད།  


མང་རྫོང་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་ཀུའུ་ཝིན་ཅུན་གྱིས་གཏམ་བཤད་གནང་བ།  

            མང་རྫོང་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་ཀུའུ་ཝིན་ཅུན་གྱིས་རྫོང་ཨུའི་ཚབ་བྱས་ཏེ། རྫོང་སྲིད་གཞུང་གིས་ཐོན་ལས་ར་བ་འཛུགས་སྐྲུན་གྱི་ལས་འགོ་ཚུགས་པར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུས་ཤིང་།  དེ་དང་ཆབས་ཅིག་ཏུ་ཁོས་གཏམ་བཤད་གལ་ཆེན་གནང་པ་སྟེ“མང་རྫོང་གཙགས་དྲུབ་རིག་གནས་ཐོན་ལས་ར་བ་འཛུགས་སྐྲུན་གྱི་ལས་གཞི་ནི་མང་ར་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྤེལ་པའི་ལས་གཞི་གལ་ཆེན་དག་གི་གྲས་ཤིག་ཡིན་ཞིང་།  གཤམ་ཚོང་དང་།  གསོ་སྦྱོང་།  ཐོན་སྐྱེད།  ཕྱི་ཕྱོགས་ལ་ཞབས་ཞུ་སྒྲུབ་པ་སོགས་ནུས་པ་གང་མང་ལྡན་པའི་ཕྱོགས་བསྡུས་རང་བཞིན་གྱི་གཙགས་དྲུབ་རིག་གནས་ཐོན་ལས་ར་བ་ཞིག་ཀྱང་ཡིན་ལ།  སྤྱིའི་མ་དངུལ་གཏོང་ཚད་སྒོར་ཁྲི225ལ་སླེབས་ཡོད།ཐོན་ལས་ར་བ་འདི་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཚེ།  གཙེགས་དྲུབ་རིག་གནས་ཐོན་ལས་ཀྱི་གཞི་རྒྱ་ཆེར་བསྐྱེད་དང་།  གཙགས་དྲུབ་བཟོ་སྐྲུན་གྱི་ཆ་རྐྱེན་ལེགས་བསྒྱུར།  བཟོ་རྩལ་ཐོན་རྫས་ཀྱི་ཆུ་ཚད་མཐོར་འདེགས་སོགས་ལ་ཕན་པར་མ་ཟད།  སྔར་ལས་ལྷག་པའི་སྒོ་ནས་བུད་མེད་རྣམས་གཙགས་དྲུབ་བཟོ་སྐྲུན་གྱི་ལས་ལ་ཞུགས་པར་སྐུལ་འདེད་བཏང་སྟེ་རྫོང་ཡོངས་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་དང་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་ཐུབ་པ་དང་།   ལས་གཞིའི་འཛུགས་སྐྲུན་ལས་འགོ་ཚུགས་པ་འདིས་མང་རྫོང་གི་རིག་གནས་ཐོན་ལས་འཕེལ་རྒྱས་གྱི་རྣམ་པ་གསར་བ་མཚོན་ཐུབ་ཅིང་།  རྫོང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་དོན་སྙིང་ཆེན་པོ་ལྡན་ངེས་རེད”ཅེས་བརྗོད།  
            མཛད་སྒོའི་སྟེང་།  མང་རྫོང་དུང་དཀར་གཙགས་དྲུབ་ཚན་རྩལ་ཚད་ཡོད་འགན་ལེན་ཀུང་ཟིའི་འགོ་གཙོ་དང་ཨར་ལས་སྡེ་ཚན།  ལས་གཞི་རྟོག་ཞིབ་ལས་ཁུངས་བཅས་ཀྱི་ཚབ་བྱེད་མི་སྣ་སོ་སོས་གཏམ་བཤད་གནང་བ་རེད། 


འབྲེལ་ཡོད་འོས་སྦྱོར།