logo

“བོད་ཡིག་གནའ་དཔེ་དག་སྒྲིག་མཉམ་ལས་ལས་གཞི” མཚོ་སྔོན་དངོས་མང་བཤམས་སྟོན་ཁང་ནས་སྤེལ་འགོ་བརྩམས་པ།

རྩོམ་པ་པོ།:རྡོ་རྗེ་བསམ་འགྲུབ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2011-04-06 ཀློག་གྲངས།:

            ཟླ4བའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་དང་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་གཉིས་ཀྱི“བོད་ཡིག་གནའ་དཔེ་དག་སྒྲིག་མཉམ་ལས་ལས་གཞི”དེ་མཚོ་སྔོན་ཞིང་དངོས་མང་བཤམས་སྟོན་ཁང་ནས་སྤེལ་འགོ་བརྩམས། ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དཔེ་ཆ་དང་ཡིག་ཆའི་ཁང་གི་གཙོ་གཉེར་བ་ཨན་ཚེ་བརྟན་བཅས་འགོ་རྩོམ་མཛད་སྒོར་ཞུགས།
            མཚོ་སྔོན་ནི་མི་རིགས་མང་བོ་འདུས་སྡོད་བྱེད་པའི་ས་ཁུལ་ཞིག་ཡིན་པས། གནའ་ནས་ད་བར་དུ་གནས་འདིར་འཚོ་སྡོད་བྱེད་པའི་བོད་རིགས་སོགས་གྲངས་ཉུང་མི་རིགས་ཀྱིས་འོད་སྟོང་འབར་བའི་ལོ་རྒྱུས་དང་མི་རིགས། ཆོས་ལུགས་རིག་གནས་བསྐྲུན་ཡོད། དེའི་ནང་རྒྱུད་འཛིན་བྱས་ཡོད་པའི་བཀའ་བསྟན་འགྱུར་སོགས་བོད་ཡིག་གནའ་དཔེ་ཡིག་ཆས་ཆོགས་ལུགས་ཀྱི་ཉིང་བཅུད་རིག་གནས་རྒྱུད་འཛིན་བྱས་ཡོད་པ་མ་ཟད། བོད་རིགས་ཀྱི་གནམ་རིག་དང་སྐར་རྩིས། གསོ་རིག་སོགས་རིག་གནས་སྣ་ཚོགས་ཡིག་ཆར་བཀོད་ཡོད་པས། འདི་ནི་བོད་མི་རིགས་ཀྱི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་གཙོ་བོ་ཞིག་ཡིན། མིག་སྔར། མཚོ་སྔོན་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་དུ་བོད་ཡིག་གི་གནའ་དཔེ་དང་ཡིག་ཆ246ཉར་ཚགས་བྱས་ཡོད།
            “བོད་ཡིག་གནའ་དཔེ་དག་སྒྲིག་མཉམ་ལས་ལས་གཞི”ཡིས་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་གི་བོད་ཡིག་གནའ་དཔེ་ཉར་ཚགས་ཐོན་ཁུངས་དང་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་དཔེ་མཛོད་ཡིག་ཆ་ཁང་གི་ལག་རྩལ་དང་འཇོན་མིའི་ལེགས་ཆ་ཟུང་དུ་སྦྲེལ་ཏེ། དེང་རབས་ཅན་གྱི་རྩད་བཤེར་དང་སྐྱ་བཤུ། འདྲ་བཤུ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ། ད་ལྟ་ཉར་ཚགས་བྱས་ཡོད་པའི་གནའ་དཔེར་ཚན་རིག་དང་མཐུན་པའི་དག་སྒྲིག་དང་ལོ་ཙྰ་བྱས། ལས་གཞི་ལེགས་འགྲུབ་བྱུང་རྗེས་བོད་ཡིག་གནའ་དཔེའི་ཉར་ཚགས་སྲུང་སྐྱོང་དང་དོ་དམ་བཀོལ་སྤྱོད་ལ་ཕན་ནུས་འདོན་ཐུབ་པ་མ་ཟད། ད་རུང་ཐོན་ཁུངས་མཉམ་སྤྱོད་མངོན་འགྱུར་བྱས་ཏེ་བོད་ཀྱི་རིག་གནས་རིག་གཞུང་ཞིབ་འཇུག་ལ་སྐུལ་འདེད་དང་སྔར་ལས་ལྷག་པའི་སྒོ་ནས་བོད་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་སྐུལ་འདེད་ཀྱི་ནུས་པ་འདོན་ཐུབ།


འབྲེལ་ཡོད་འོས་སྦྱོར།