logo

དཔའ་རིས་བོད་སྐད་རྒྱང་སྒྲོག་ལེ་ཚན་ཕུན་སུམ་འཚོགས་པར་འགྱུར་བ།

རྩོམ་པ་པོ།:སྣང་གསལ། ཡོང་ཁུངས།:བོད་ཀྱི་སློབ་འབྲིང་དྲ་བ། དུས་ཚོད།:2011-04-01 ཀློག་གྲངས།:


སློབ་མའི་ལག་ཏུ་སྒྲ་སྡུད་འཕྲུལ་འཁོར་སྟེར་བ།

            ཟླ4ཚེས1ཉིན་ནས་བཟུང་།དཔའ་རིས་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་རླུང་འཕྲིན་ལེ་ཚན་གསར་བ་དུ་མ་བསྣན་པ་མ་ཟད། ད་དུང་ཀྲུང་དབྱངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་ལེ་ཚན་ཐམས་ཅད་འཕྲིན་ལམ་ཁེར་རྐྱང་དུ་བརྒྱུད་གཏོང་ཡིན་པས།བོད་ཀྱི་རྒྱང་སྒྲོག་ལེ་ཚན་ལ་དགའ་བའི་ཉན་མཁན་རྣམ་པར་དཔྱིད་ཀྱི་ལེགས་སྐྱེས་སུ་འབུལ་རྒྱུ།


སྒྲ་སྡུད་འཕྲུལ་འཁོར།

            དཔའ་རིས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལེ་ཚན་ནང་།ཉིན་རེའི་སྔ་དྲོ་དུས་ཚོད་དགུ་ཐོགམཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་མཁོ་སྤྲོད་གནང་བའི་གླིང་གེ་སར་རྒྱལ་བོའི་སྒྲུང་གཏོང་རྒྱུ་དང་།ད་ལོར་ང་ཚོས་བཀོད་སྒྲིག་བྱས་པ་ནི་རྟ་རྒྱུགས་དཔྱིད་ཀྱི་དགའ་སྟོན་དང་གཡང་དཀར་ལུག་རྫོང་།མ་ལ་ཡ་སྨན་རྫོང་སོགས་ཡོད།ཉིན་རེའི་ཉིན་གུང་གི་དུས་ཚོད་བཅུ་གསུམ་དང་། དགུང་མོའི་དུས་ཚོད་བརྒྱད་ཐོགབོད་ཀྱི་སློབ་གསོ་སློབ་ཁྲིད་པ་རམ་འདེགས་རོགས་སྐྱོར་དུ་གནས་བའི་འཆད་ཁྲིད་ལེ་ཚན་གཏོང་རྒྱུ།འཆད་ཁྲིད་ལེ་ཚན་ནང་དེང་སང་བོད་ཀྱི་སློབ་གསོའི་ཕྱོགས་ཁག་དང་བོད་རིག་པའི་མཁས་དབང་གྲགས་ཅན་གྱིས་སུམ་བཅུ་བ་དང་རྟགས་ཀྱི་འཇུག་པ།སློབ་ཁྲིད་ཐབས་ལམ་སོགས་བཀོད་སྒྲིག་བྱས་ཡོད།བོད་ཀྱི་དགེ་སློབ་དག་གིས་རྒྱུན་མཐུད་དུ་ཉན་ན་ཕན་ཆེན་པོ་ཐོགས་ཐུབ།
            དེ་ལས་གཞན་ད་དུང་ཀྲུང་དབྱངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་འཁོར་སྐད་འཕྲིན་ལམ་ལེ་ཚན་དེ་ཟླ་བའི་ཚེས་གཅིག་ཉིན་ནས་བཟུང་།ཡོངས་རྫོགས་བརྒྱུད་གཏོང་བྱེད་རྒྱུ་ཡིན།ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་ལེ་ཚན་ནང་དུ་ལྷ་སའི་བོད་སྐད་དུ་བཤད་ཡོད་པའི་ལེ་ཚན་ཡོད་པ་མ་ཟད།ད་དུང་ཨ་མདོ་སྐད་དང་ཁམས་སྐད་ཀྱི་ལེ་ཚན་བཀོད་སྒྲིག་བྱས་ཡོད།ཁྱེད་ཉིད་སྐྲ་སྡུད་འཁོར་ལོ་ཆུང་ཆུང་ཞིག་ཡོད་ཚེ།ད་དུང་རང་དཔའ་རིས་རླུང་འཕྲིན་ལས་ཁུངས་ཀྱི་དཔའ་རིས་ཁ་སྐད་ལེ་ཚན་དག་གསལ་ལྷང་ངེ་ཉན་ཐུབ།


འབྲེལ་ཡོད་འོས་སྦྱོར།