logo

མཚོ་སྔོན་པོ་བོད་ཡིག་དང་རྒྱ་ཡིག་ཟིན་བྲིས་ཀྱི་པར་གཞི་སྒོ་ཀུན་ནས་ལེགས་བཅོས་བྱས་ཚར་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ དུས་ཚོད།:2011-03-31 ཀློག་གྲངས།:


པར་གཞི་གསར་བའི་མཚོ་སྔོན་པོ་བོད་ཡིག་ཟིན་བྲིས།

            མིག་སྔར།  མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་ཀྱིས་ནུས་ཤུགས་གང་ཡོད་བཏོན་ཏེ་མཚོ་སྔོན་པོ་བོད་ཡིག་དང་རྒྱ་ཡིག་ཟིན་བྲིས་ཀྱི་པར་ངོས་ཇུས་འགོད་ནས་པར་གཞིའི་མ་ལག་དངོས་མར་ལེགས་བཅོས་བྱེད་པའི་བྱ་བ་ཐམས་ཅད་ལེགས་བསྒྲུབས་བྱས་ཏེ་ཟིན་བྲིས་ཀྱི་བྱེས་ནུས་སྔར་ལས་ལྷག་པར་འཐུས་ཚང་མཐོར་འདེགས་སུ་བཏང་ནས།  རྒྱ་ཆེའི་དྲ་གྲོགས་རྣམ་པར་སྟབས་བདེ་བའི་ཟིན་བྲིས་ཀྱི་ཞབས་ཞུའི་མཐུན་རྐྱེན་སྐྲུན་པ་རེད།


པར་གཞི་གསར་བའི་མཚོ་སྔོན་པོ་རྒྱ་ཡིག་ཟིན་བྲིས།

            མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་དངོས་སུ་ལེགས་འགྲུབ་བྱུང་ནས་ད་ལྟའི་བར་ཧ་ལམ་ལོ་ཕྱེད་ཙམ་འདས་ཟིན་ལ།  འདིའི་རིང་ལ་ཟིན་བྲིས་སུ་ཞུགས་པའི་ཟིན་བདག1530ལྷག་དང་།  ཟིན་བྲིས11860ལྷག་སྤེལ་འདུག      ཆ་སྙོམས་ཀྱིས་ཉིན་རེར་ཟིན་བྲིས100ཡས་མས་སྤེལ་བཞིན་ཡོད་ཅིང་།   རྒྱ་ཆེ་བའི་བོད་ཡིག་བཀོད་སྤྱོད་བྱེད་མཁན་རྣམས་ཀྱིས་སློབ་སྦྱོང་བྱེད་ས་དང་།  བསམ་བློ་བརྗེ་རེས་བྱེད་སའི་སྟེགས་བུ་ཆེན་པོ་ཞིག་ཏུ་གྱུར་ཡོད་པས།  འདི་ལས་རྒྱལ་ཁབ་དམངས་ཨུའི[2010]ལོའི་ཡིག་ཨང53པ་《རྒྱལ་ཁབ་དམངས་ཨུའི་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་དོ་དམ་བྱ་བ་ལེགས་པོར་སྒྲུབ་དགོས་པའི་བསམ་འཆར》ལས་བཏོན་པའི་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་དྲ་རྒྱ་ལ་རྒྱབ་སྐྱོར་བྱེད་དགོས་པའི་དགོངས་དོན་དང་།    མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི[2010]ལོའི་ཡིག་ཨང19བ 《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་གྲངས་ཉུང་མི་རིགས་ཀྱི་རིག་གནས་བྱ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་དངོས་འབབ་ཐད་ཀྱི་བསམ་འཆར》ལས་བཏོན་པའི་ཞིང་ཆེན་རིམ་པའི་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་དྲ་རྒྱ་འཛུགས་སྐྲུན་ལ་རམ་འདེགས་བྱེད་དགོས་པའི་བླང་བྱའང་གང་ལེགས་སྒོས་མཚོན་ཐུབ།


འབྲེལ་ཡོད་འོས་སྦྱོར།