འཕགས་མོ་ཚེ་རིང་གི་སྒྱུ་རྩལ་བརྩམས་ཆོས《ཨ་མ》ཞེས་པ་ཧྲང་ཧེ་ནས་འགྲེམ་སྟོན་བྱ་རྒྱུ་རེད།

འཕགས་མོ་ཚེ་རིང་གི་སྒྱུ་རྩལ་བརྩམས་ཆོས《ཨ་མ》།
ཏུན་ཧྥང་དྲ་རྒྱ་དང་བྷོ་པོད་དྲ་རྒྱ་གཉིས་ཀྱིས་མཉམ་འབྲེལ་བྱས་པའི“ཏུན་པོ། ནུབ་རྒྱུད་རི་མོ”ཞེས་པའི་རྒྱ་ཆེ་བའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་བྱ་འགུལ་དེ2011ལོའི་ཟླ4ཚེས8ཉིན་སྤེལ་རྒྱུ་རེད།

སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན།
ཐེངས་འདིའི་འགྲེམ་ཚོགས་སྟེང་གི་བརྩམས་ཆོས་ནི་ཆེད་མཁས་པས་གཟབ་ནན་སྒོས་ལེགས་འདེམས་བྱས་པའི་བརྩམས་ཆོས་བཟང་གྲས་ཀྱི་རིགས་ཡིན་ཞིང་། འགྲེམ་སྟོན་གྱི་དམིགས་ཡུལ་ནི་ཁུངས་དག་ལྷད་མེད་ཀྱི་སྣུམ་རིས་རིག་གཞུང་སྙིང་སྟོབས་དར་སྤེལ་དང་། ཡ་རབས་ཚུལ་མཐུན་དང་གསོ་ཤུགས་ཀྱིས་བརྟས་པའི་སྒྱུ་རྩལ་གསར་གཏོད་ཀྱི་གྲུབ་འབྲས་བརྩོན་ལེན་བྱས་པ་བརྒྱུད་དེ། བརྩམས་ཆོས་ཀྱིས་མིའི་རིགས་ཀྱི་བག་ལ་ཞ་བའི་ནང་སེམས་ཀྱི་བློ་སྤོབས་དང་། བདེན་ལེགས་མཛེས་གསུམ་གྱི་བླ་ན་མེད་པའི་དགེ་མཚན། རྒྱུད་འཛིན་ནས་གསར་གཏོད་ཀྱི་ལམ་བུར་བསྐྱོད་པའི་སྲོལ་རྒྱུན་སྣུམ་རིས་སྒྱུ་རྩལ་དང་དེའི་སྐད་བརྡའི་རིན་ཐང་སོགས་གཟེངས་སུ་ཐོན་པའི་སྒོ་ནས་མཚོན་ཐབས་བྱེད་པར་ཤུགས་སྣོན་དང་། ཤར་ཕྱོགས་རིག་གནས་ཀྱི་བསམ་བློའི་ཤུགས་རྐྱེན་འོག་རང་སའི་མཛེས་དཔྱོད་ཁྱད་ཆོས་མངོན་པར་གསལ་བའི་སྒྱུ་རྩལ་བརྩམས་ཆོས་གསར་གཏོད་བྱེད་པར་སྐུལ་བསྟོད་བྱེད་པ་དེ་ཡིན།
མིག་སྔར། འཕགས་མོ་ཚེ་རིང་གི་སྒྱུ་རྩལ་བརྩམས་ཆོས《ཨ་མ》ཞེས་པ་ཐེངས་འདིའི་འགྲེམ་སྟོན་བརྩམས་ཆོས་ཀྱི་གྲས་སུ་འཚུད་ཅིང་། ཟླ4ཚེས8ཉིན་ཧྲང་ཧེ་ནས་འགྲེམ་སྟོན་བྱེད་རྒྱུ་ཡིན་པ་དང་། ཀོ་རི་ཡ་དང་དབྱི་ཐ་ལི་སོགས་ཕྱིའི་རྒྱལ་ཁབ་ཀྱི་སྒྱུ་རྩལ་པའང་ཐེངས་འདིའི་བྱ་འགུལ་ལ་ཞུགས་རྒྱུ་རེད།
