logo

《བརྩེ་སེམས་ཀྱི་ཡུལ་ཤུལ》ཞེས་པ་འཁྲབ་ཐེངས་གཉིས་པ་འགོ་རྩོམ་རྒྱུ་རེད།

རྩོམ་པ་པོ།: རྡོ་རྗེ་བསམ་འགྲུབ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2011-03-30 ཀློག་གྲངས།:

           ཟླ4པའི་ཚེས2ཉིན། ཡུལ་ཤུལ་ས་འགུལ་བསྐྱར་འཛུགས་ཀྱི་གཏམ་བརྗོད་ཟློས་གར་ཆེན་མོ《བརྩེ་སེམས་ཀྱི་ཡུལ་ཤུལ》ཞེས་པ་འཁྲབ་ཐེངས་གཉིས་པ་རྒྱལ་ཡོངས་སྐོར་བསྐྱོད་འཁྲབ་སྟོན་བྱེད་འགོ་རྩོམ་རྒྱུ་ཡིན་པ་དང་། ཐེངས10ནས་ཐེངས13ལ་འཁྲབ་སྟོན་བྱེད་རྒྱུ་རེད། དེའི་རྗེས་སུ་འཁྲབ་སྟོན་པ་རྣམས་ཀྱིས་ཞིང་ཆེན་ནང་ཁུལ་དུ་མ་མཐའ་ཡང་ཐེངས་ལྔ་བཅུ་ལྷག་ལ་འཁྲབ་སྟོན་བྱེད་རྒྱུ་རེད།
           འཁྲབ་ཐེངས་དང་པོའི་རྒྱལ་ཡོངས་སྐོར་བསྐྱོད་འཁྲབ་སྟོན་ཁྲོད། 《བརྩེ་སེམས་ཀྱི་ཡུལ་ཤུལ》ཞེས་པ་ཐེངས30ལྷག་ལ་འཁྲབ་སྟོན་བྱས། ཞིང་ཆེན་ཟློས་གར་སྒྱུ་རྩལ་འཁྲབ་སྟོན་གླིང་གིས་ཧུར་བརྩོན་གྱིས་ཐེངས་བརྒྱ་ལྷག་ལ་འཁྲབ་སྟོན་བྱེད་རྒྱུ་རེད།
            《བརྩེ་སེམས་ཀྱི་ཡུལ་ཤུལ》ཞེས་པའི་གཏམ་བརྗོད་ཟློས་གར་འདི་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་སི་ཁྲོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཁྲིན་ཏུའུ་དམག་ཁུལ་ཆབ་སྲིད་པུའུ་དྲིལ་སྒྲོག་པུའུ། མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན། ཁྲིན་ཏུའུ་གྲོང་ཁྱེར་རིག་གནས་ཅུའུ་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་ཟློས་གར་སྒྱུ་རྩལ་འཁྲབ་སྟོན་གླིང་དང་ཁྲིན་ཏུའུ་སྒྱུ་རྩལ་འཁྲབ་སྟོན་གླིང་། ཁྲིན་ཏུའུ་དམག་ཁུལ་དམག་དར་རིག་རྩལ་རུ་ཁག་གིས་འགན་སྒྲུབ་བྱས་པ་རེད།


འབྲེལ་ཡོད་འོས་སྦྱོར།