logo

མཚོ་སྔོན་དུ་ལྕགས་རི་རིང་པོའི་གནའ་ཤུལ་ཁག་གཅིག་རྙེད་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མི་དམངས་དྲ་བ དུས་ཚོད།:2011-03-27 ཀློག་གྲངས།:

            འདས་ཟིན་པའི་ལོ་གཉིས་རིང་གནའ་རྫས་དཔྱད་ཞིབ་པར་མཚོ་སྔོན་མངའ་ཁོངས་ནས་གྱང་རྙིང་པ་དང་དམག་བརྡའི་ཐོར་ལྕོག་ལ་སོགས་པའི་ལྕགས་རི་རིང་པོའི་གནའ་ཤུལ་ཁག་གཅིག་རྙེད་པ་དང་ཞིང་ཆེན་དེའི་མངའ་ཁོངས་སུ་ལྕགས་རི་རིང་པོའི་ཐོན་ཁུངས་གང་ཞིག་ཡོད་པ་སྤྱིར་ན་མཐིལ་རྟོགས་བྱུང་བ་རེད། ཉེ་ཆར་ལས་དོན་དེ་རིགས་གཅིག་མཁས་པའི་ཚོགས་ཆུང་གིས་ཞིབ་བཤེར་རྩིས་ལེན་བྱས་པ་དང་། མཚོ་སྔོན་ཞིང་ཆེན་འདི་ཉིད་རྒྱལ་ཡོངས་ཀྱི་ལྕགས་རི་རིང་པོའི་ཐོན་ཁུངས་ལ་བརྟག་དཔྱད་བྱས་པའི་དཔྱད་གཞིའི་ཡིག་རིགས་བརྒྱུད་རྒྱལ་ཁབ་ཀྱིས་ཞིབ་བཤེར་རྩིས་ལེན་བྱས་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་པ་དེར་གྱུར་ཡོད་པ་རེད།
            མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་དཔྱད་ཞིབ་སུའོ་ཡི་སུའོ་ཀྲང་གཞོན་པ་ཞིབ་འཇུག་པ་རེན་ཞའོ་ཡན་གྱིས་མཚོ་སྔོན་མངའ་ཁོངས་སུ་ལྕགས་རི་རིང་པོ་ཡོད་པ་མི་རྣམས་ཀྱིས་སྔོན་མ་ནས་ཤེས་ཀྱི་ཡོད། 2007 ལོར་ལྕགས་རི་རིང་པོའི་ཐོན་ཁུངས་ལ་བརྟག་དཔྱད་བྱས་པའི་ཐོག་ནས་ཞིང་ཆེན་དེའི་མངའ་ཁོངས་སུ་ཁྱོན་རིང་ཚད་སྤྱི་ལེ360ཙམ་གྱི་མིང་རྒྱལ་རབས་ཀྱི་ལྕགས་རི་རིང་པོའི་གནའ་ཤུལ་ཡོད་པ་མངོན་པས་མཚོ་སྔོན་ཞིང་ཆེན་འདི་ཉིད་ཀྲུང་གོའི་ལྕགས་རི་རིང་པོ་སྲུང་སྐྱོང་འདུ་འགོད་ནང་བཅུག་པ་དང་འབྲེལ་ཡོད་ལྕགས་རི་རིང་པོའི་ཐོན་ཁུངས་བརྟག་དཔྱད་ཀྱི་ལས་དོན་དེའང་དུས་གཅིག་ཏུ་སྤེལ་ཡོད་ཅེས་ངོ་སྤྲོད་གནང་བ་རེད།
            མཚོ་སྔོན་ཞིང་ཆེན་གྱི་ཆིན་དང་ཧན་རྒྱལ་རབས་དང་དེ་བཞིན་དུས་རབས་གཞན་དག་གི་ལྕགས་རི་རིང་པོའི་ཐོན་ཁུངས་བརྟག་དཔྱད་ལས་དོན་དེ2009ལོ་ནས་སྤེལ་འགོ་ཚུགས་པ་དང་དེའི་ཁོངས་སུ་ཡུལ་ཤུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་གཉིས་ཕུད་པའི་ས་ཁུལ་གཞན་དག་གི་ཁྱོན་རྫོང(གྲོང་ཁྱེར)24 གཏོགས་ཡོད་པ་རེད། “ལས་དོན་སྤེལ་བའི་ལོ་གཉིས་རིང་ང་ཚོས་མཚོ་སྔོན་མངའ་ཁོངས་ཀྱི་ལྕགས་རི་རིང་པོའི་ཐོན་ཁུངས་ལ་བརྟག་དཔྱད་ཞིབ་མོ་བྱས་པ་བརྒྱུད་གྱང་རྙིང་པ1 དང་། དམག་བརྡའི་ཐོར་ལྕོག51བཙན་མཁར158 ལ་སོགས་པའི་ལྕགས་རི་རིང་པོའི་གནའ་ཤུལ་ཁག་གཅིག་རྙེད་བྱུང”ཞེས་རེན་ཞའོ་ཡན་གྱིས་གསུངས།   གནའ་རྫས་དཔྱད་ཞིབ་པས་གསར་དུ་རྙེད་པའི་ལྕགས་རི་རིང་པོའི་གནས་ཤུལ་དེ་ཆིན་དང་ཧན་རྒྱལ་རབས་ཀྱི་དུས་སུ་སྐྲུན་འགོ་ཚུགས་པ་དང་ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་ལས་མཇུག་འགྲིལ་བ་ཞིག་ཡིན་པ་དང་དེ་དག་དུས་ཡུན་ཧ་ཅང་རིང་པོའི་ནང་རླུང་གིས་ཟད་པ་དང་མིའི་གཏོར་བཤིག་ཕོག་པ་དང་གནའ་ཤུལ་ཁག་གཅིག་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ནས་ད་ཆ་གནའ་ཉམས་རྦད་དེ་ཤོར་བ་ཤེས་རྟོགས་བྱུང་བ་དཔེར་ན། མཚོ་སྔོན་ཞིང་ཆེན་ནུབ་རྒྱུད་འབྲོག་ཁུལ་དུ་ཡོད་པའི་ལྕགས་རི་རིང་པོའི་གནའ་ཤུལ་རླུང་གིས་ཟད་ནས་ཤུལ་ཙམ་ལས་མེད་པ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་ཆིན་དང་ཧན་རྒྱལ་རབས་དང་དེ་བཞིན་དུས་རབས་གཞན་དག་གི་ལྕགས་རི་རིང་པོའི་ཐོན་ཁུངས་ལ་བརྟག་དཔྱད་བྱེད་རིང་ཐལ་མདོག་རྫ་ཆས་ཧྲུག་མ་སོགས་གནའ་རྫས་ཁ་གྲངས100ལྷག་ཙམ་ཞིག་ཀྱང་རྙེད་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།