ནུབ་བྱང་མི་རིགས་སློབ་གྲྭའི་མཐར་ཕྱིན་སློབ་མ་ལས་ཞུགས་ངོ་སྤྲོད་གྲོས་བསྡུར་ལ་ཞུགས་པ།
རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2011-03-23
ཀློག་གྲངས།:

ལས་ཞུགས་ངོ་སྤྲོད་གྲོས་བསྡུར་བྱ་འགུལ་གྱི་ཡུལ་དངོས།

ལས་ཞུགས་ངོ་སྤྲོད་གྲོས་བསྡུར་བྱ་འགུལ་གྱི་ཡུལ་དངོས།
2011ལོའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བ་ལེགས་འགྲུབ་ཡོང་ཆེད། ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གིས་མཐར་ཕྱིན་སློབ་མས་རང་ཉིད་མཚམས་སྦྱོར་བྱ་ཚུལ་དང་། ལས་ཁུངས་འདེམས་སྤྱོད་བྱ་ཚུལ། ངོ་རྒྱུགས་ལེན་སྐབས་མཉམ་འཇོག་བྱེད་དགོས་པའི་སྐོར་ལ་ཁྲིད་སྟོན་ཞིབ་གསལ་གནང་བར་མ་ཟད། 2011ལོའི་དངོས་གཞི་དང་ཞིབ་འཇུག་མཐར་ཕྱིན་སློབ་མ་རྣམས་རྩ་འཛུགས་བྱས་ཏེ། ཟླ3ཚེས19ཉིན་ནུབ་བྱང་དགེ་ཐོན་སློབ་གླིང་གི་ལས་ཞུགས་ངོ་སྤྲོད་གྲོས་བསྡུར་བྱ་འགུལ་ཁྲོད་ཞུགས་ཤིང་། སློབ་མ་རྣམས་ཀྱིས་རང་སོ་སོའི་ལས་ཞུགས་ཀྱི་མཚམས་སྦྱོར་ལོ་རྒྱུས་སྤྲད་དེ་ལས་ཞུགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པ་རེད།
འབྲེལ་ཡོད་འོས་སྦྱོར།
