logo

《རྒྱ་ཚ་ཞལ་དཀར》གྱི་གླེང་མོལ་ཚོགས་འདུ་དེ་ཟི་ལིང་དུ་བསྡུས་པ།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-03-23 ཀློག་གྲངས།:


དྲིལ་བསྒྲགས་པུའུ་ཡི་འགོ་གཙོ་སུན་ཡཱན་གྱིས་མདོ་འཛིན་བྱེད་པ། 


དགེ་རྒན་ཆེན་མོ་གསེར་དགའ་ལགས་ཀྱིས་ཚད་མཐོའི་གདེང་འཇོག་གནང་བཞིན་པ། 

            ཟླ3ཚེས17ཉིན་གྱི་དགོང་མོ།  བསྐྱར་བཅོས་བྱས་རྗེས་ཀྱི《རྒྱ་ཚ་ཞལ་དཀར》ཞེས་པ་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་ཟློས་གར་ར་བ་རུ་འཁྲབ་སྟོན་བྱས་ཤིང་།  ཚེས18ཉིན《རྒྱ་ཚ་ཞལ་དཀར》གྱི་གླེང་མོལ་ཚོགས་འདུ་བསྡུས་པ་རེད།  ཚོགས་འདུའི་སྟེང་ཐེངས་འདིའི་འཁྲབ་སྟོན་ལ་གཟིགས་མོར་བསླེབས་པའི་འགོ་ཁྲིད་དང་ཆེད་མཁས་རྣམས་གདན་འདྲེན་ཞུས་ཏེ།  མིག་སྔར་གྱི་གནད་དོན་དང་མ་འོངས་པའི་འཕེལ་ཕྱོགས་སྐོར་ལ་རང་མོས་སྒོས་གླེང་མོལ་བྱས་པ་རེད།


འཁྲབ་སྒྲིག་པ་སཱའོ་ཙི་ཧྭོང་གིས་ཚད་མཐོའི་གདེང་འཇོག་གནང་བ།


《གེ་སར》རིག་པའི་ཆེད་མཁས་གཅོད་པ་དོན་འགྲུབ་ཀྱིས་རྒྱ་ཚའི་རང་གཤིས་དང་
རྒྱབ་ལྗོངས་སོགས་ལ་བསམ་འཆར་འདོན་བཞིན་པ།


མཚོ་སྔོན་ཞིང་ཆེན་རིག་གནས་ཐཱིན་གྱི་འགོ་གཙོ་ཀྲང་བུའུ་མཱིན་གྱིས་གདེང་འཇོག་ཆེན་པོ་བྱེད་པ།

            མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་དྲིལ་བསྒྲགས་པུའུ་ཡི་འགོ་གཙོ་སུན་ཡཱན་གྱིས་མདོ་འཛིན་མཛད་ཅིང་།  མཚོ་སྔོན་ཞིང་ཆེན་སྒྱུ་རྩལ་ཆེད་མཁས་རྩ་འཛུགས་ཀྱི་འགོ་གཙོ་དང་ཚོགས་མི།   མཚོ་སྔོན་ཞིང་ཆེན་རིག་གནས་ཐཱིན་གྱི་འགོ་གཙོ་ཀྲང་བུའུ་མཱིན།  སྙན་ངག་པ་སྐུ་ཞབས་པཱའེ་ཡུ།  མཚོ་སྔོན་ཞིང་ཆེན་མི་རིགས་གླུ་གར་ཁང་གི་འགོ་གཙོའམ་རྒྱལ་ཁབ་རིམ་པ་དང་པོའི་འཁྲབ་སྒྲིག་པ་འཕགས་པ་སྐྱབས།   མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཟློས་གར་ཆེད་མཁས་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལིའི་ཀྲིན།  རྨ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པའི་ཚོགས་གཙོའམ་རྒྱལ་ཁབ་རིམ་པ་དང་པོའི་འཁྲབ་གཞུང་རྩོམ་མཁན་རྡོ་རྗེ་ཐར།  དེ་མིན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གཞོན་པའམ་མིང་དུ་གྲགས་པའི་འཁྲབ་སྒྲིག་པ་གསེར་དགའ།   ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བྲོ་གར་གླིང་གི་འགོ་གཙོའམ་རྒྱལ་ཁབ་རིམ་པ་དང་པོའི་འཁྲབ་སྒྲིག་པ་སཱའོ་ཙི་ཧྭོང་།  《གེ་སར》རིག་པའི་ཆེད་མཁས་གཅོད་པ་དོན་འགྲུབ།  བོད་རིགས་ན་གཞོན་གར་མཁན་ནམ་པེ་ཅིན་གྲོང་ཁྱེར་ཕྱུགས་རྫི་གཞུང་ལས་ཁང་འཛུགས་སྐྲུན་མཁན་དང《རྒྱ་ཚ་ཞལ་དཀར》གྱི་སྤྱིའི་འཁྲབ་ཁྲིད་པ་པདྨ་རྒྱ་མཚོ།   མཚོ་སྔོན་ཞིང་ཆེན་དྲིལ་བསྒྲགས་པུའུ་རིག་རྩལ་ཁྲུའུ་ཡི་འགོ་གཙོ།   མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཅུའུ་ཡི་འགོ་གཙོ།  མཚོ་ལྷོ་ཁུལ་གླུ་གར་ཚོགས་པའི་ཚོགས་གཙོ་སོགས་ཐེངས་འདིའི་གླེང་མོལ་ཚོགས་འདུ་ལ་ཞུགས་པ་རེད།   


སྐུ་ཞབས་རྡོ་རྗེ་ཐར་གྱིས《གེ་སར》ནང་གླུ་དབྱངས་ཁ་གསབ་བྱེད་པར་བསམ་འཆར་བཏོན་པ།


སྙན་ངག་པ་པཱའེ་ཡུ་ཡིས་བསམ་འཆར་འདོན་བཞིན་པ། 


སྤྱིའི་འཁྲབ་ཁྲིད་པ་པདྨ་རྒྱ་མཚོས་བསམ་འཆར་དེང་ལེན་བྱེད་པ། 

            ཚོགས་འདུའི་སྟེང་རྣམ་པ་ཚོས་གེ་སར་ཟློས་གར《རྒྱ་ཚ་ཞལ་དཀར》 ལ་ཚད་མཐོའི་གདེང་འཇོག་གནང་བ་དང་ཆབས་ཅིག་ཏུ་རིན་ཐང་ལྡན་པའི་བསམ་འཆར་བཏོན་པ་སྟེ།  ཟློས་གར་གྱི་གླུ་དབྱངས་དང་།  གར་གྱི་སྒྲིག་སྟངས།  ཟློས་གར་གྱི་ནད་དོན།  འཁྲབ་ཆས་སོགས་ཀྱི་ཕྱོགས་ནས་ད་དུང་ཇེ་ལེགས་སུ་གཏོང་དགོས་པའི་ཐད་ལ་ཞིབ་གསལ་གྱི་བློ་བཀོད་འཐེན་ཞིང་།  ལྷག་པར་དུ་རྒྱ་ཚ་ཞལ་དཀར་གྱི་མི་སྣའི་སྣང་བརྙན་དང་ཉམས་འགྱུར།  བརྩེ་སེམས་མཚོན་ཐབས་ཐད་ལ་བསམ་འཆར་མི་ཉུང་བ་བཏོན་པ་དང་།  ཟློས་གར་འདིར་མ་འོངས་མདུན་ལམ་ཡག་པོ་ཡོད་པར་ཡིད་ཆེས་ཆེན་པོ་ཡོད་པར་བསྟན་ལ།  རྣམ་པ་ཚོས་ད་དུང་བོད་ཀྱི་སྲོལ་རྒྱུན་གླུ་གར་རིག་གནས་ཁྱབ་སྤེལ་ལ་གཞིགས་ཏེ།  《རྒྱ་ཚ་ཞལ་དཀར》ཞེས་པའི་ཟློས་གར་འདི་ཞིང་ཆེན་ཕྱི་དང་སྒོས་སུ་རྒྱལ་ཁབ་གཞན་གྱི་གར་སྟེགས་སུ་འཁྲབ་ཐུབ་པར་རེ་བཞག་དང་སྨོན་འདུན་ཆེན་པོ་བྱེད་ཅིང་།    སྤྱིའི་འཁྲབ་ཁྲིད་པ་པདྨ་རྒྱ་མཚོས་ཆེད་མཁས་རྣམས་ཀྱིས་བསམ་འཆར་བཏོན་པ་ལ་ལྷག་བསམ་རྣམ་དག་གིས་དེང་ལེན་དང་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་རེད། 


འབྲེལ་ཡོད་འོས་སྦྱོར།