logo

མཚོ་སྔོན་ཞིང་ཆེན་གྱིས་སྤྱི་པའི་དཔེ་མཛོད་ཁང་དང་རིག་གནས་ཁང་རིན་མེད་པར་སྒོ་འབྱེད་རྒྱུ་རེད།

རྩོམ་པ་པོ།:སྐར་མདའ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-03-21 ཀློག་གྲངས།:

 

           ཟླ3པའི་ཚེས20ཉིན།  གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་རིག་གནས(མང་ཚོགས་སྒྱུ་རྩལ)ཁང་གི་འགོ་གཙོའི་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན།  རིག་གནས་པུའུ་ཡིས་བཏོན་པའི་བླང་བྱ་ལྟར།  ད་ལྟ་ནས་བཟུང་རང་ཞིང་ཆེན་གྱིས་རིམ་པ་ལྟར་རིན་དོད་མེད་པའི་སྒོ་ནས་སྤྱི་པའི་དཔེ་མཛོད་ཁང་དང་རིག་གནས་ཁང(ས་ཚིགས)ཀྱི་སྒོ་འབྱེད་རྒྱུ་ཡིན་ཞིང་།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ལ་རང་གི་གཞི་རྩའི་རིག་གནས་ཁང་དབང་ལོངས་སུ་སྤྱོད་དུ་འཇུག་རྒྱུ་ཡིན་པ་དང་།  ལོ་མཇུག་ལ་མ་བསླེབས་པའི་སྔོན་དུ།  སྤྱི་པའི་དཔེ་མཛོད་ཁང་དང་རིག་གནས་ཁང(ས་ཚིགས)ཡོངས་རྫོགས་རིན་མེད་སྒོས་སྒོ་འབྱེད་རྒྱུ་རེད། 
           གོ་ཐོས་ལྟར་ན།  སྤྱི་པའི་དཔེ་མཛོད་ཁང་དང་རིག་གནས་ཁང(ས་ཚིགས)རིན་མེད་ཀྱིས་སྒོ་འབྱེད་པ་དེ་གཙོ་བོ་སྤྱི་པའི་མི་ཚོགས་འདུ་ས་དང་སྒྲིག་བཀོད་གནས་ཡུལ་རིན་མེད་པར་སྒོ་འབྱེད་པ་དང་།  མང་ཚོགས་ལ་གཞི་རྩའི་སྤྱི་པའི་རིག་གནས་ཞབས་འདེགས་རྣམ་གྲངས་ཡོངས་རྫོགས་རིན་མེད་སྒོས་འདོན་སྤྲོད་བྱེད་པ་ལ་ཟེར་ཞིང་།  སྤྱི་པའི་དཔེ་མཛོད་ཁང་གི་རིན་མེད་སྒོ་འབྱེད་ནང་དུ་གཙོ་བོ་སྤྱི་བཏང་གི་དཔེ་གཟིགས་ཁང་དང་།  མང་འཕྲིན(གློག་རྡུལ)དཔེ་གཟིགས་ཁང་།  སྙན་ཞུ་ཁང(གསོ་སྦྱོང་ཁང་དང་ཕྱོགས་བསྡུས་བྱ་འགུལ་ཁང)དང་།  རང་སྦྱོང་ཁང་ལ་སོགས་པའི་མི་ཚོགས་འདུ་ས་དང་སྒྲིག་བཀོད་གནས་ཡུལ་རིན་མི་ལེན་པར་སྒོ་འབྱེད་པ་དང་།  དཔྱད་གཞིའི་ཡིག་ཆ་གཡར་ལེན་དང་ཞིབ་འཚོལ།  འདྲི་རྟོག་བྱེད་པ་དང་།   སྤྱི་ཕན་རང་བཞིན་གྱི་འཆད་ཁྲིད་དང་འགྲེམ་སྟོན།  གཞི་རིམ་གྱི་ཟུར་ཁྲིད་དང་འཁོར་སྐྱོད་ཞབས་ཞུ་ལ་སོགས་པའི་གཞི་རྩའི་རིག་གནས་ཞབས་འདེགས་ཀྱི་རྣམ་གྲངས་འཐུས་ཚང་དུ་བཏང་ཐོག་རིན་མེད་པར་འདོན་སྤྲོད་བྱེད་པ།  རམ་འདེགས་རང་བཞིན་གྱི་ཞབས་ཞུ་དུ་མ་སྟེ།  དཔེར་ན་དཔང་ཡིག་ལེན་པ།  ཚོད་ལྟ་ར་སྤྲོད་བྱེད་པ་དང་དེ་མིན་དངོས་ཟོག་བཅོལ་སྐབས་རིན་མི་ལེན་པ་ལ་སོགས་པ་འདུས་ཤིང་།  རིག་གནས་ཁང(ས་ཚིགས)ཀྱི་རིན་མེད་སྒོ་འབྱེད་ནང་དུ་གཙོ་བོ་ནུས་མང་ཚོམས་ཁང་དང་།  འགྲེམ་སྟོན་ཁང་།  རྩིས་འཁོར་དང་དྲ་རྒྱའི་སློབ་ཁང་།  ཞབས་བྲོ(ཕྱོགས་བསྡུས)ནང་སྦྱོང་ཁང་དང་རོལ་རྩེད་བྱ་འགུལ་ཁང་ལ་སོགས་པའི་སྤྱི་པའི་མི་ཚོགས་འདུ་ས་དང་སྒྲིག་བཀོད་གནས་ཡུལ་རིན་མེད་པར་སྒོ་འབྱེད་པ་དང་།   ཁྱབ་སྤེལ་རང་བཞིན་གྱི་རིག་གནས་སྒྱུ་རྩལ་གྱི་ཟུར་ཁྲིད་གསོ་སྦྱོང་དང་།  སྤྱི་ཕན་རང་བཞིན་གྱི་མང་ཚོགས་རིག་གནས་བྱ་འགུལ་དང་འགྲེམ་སྟོན་ལ་སོགས་པའི་གཞི་རྩའི་རིག་གནས་ཞབས་འདེགས་ཀྱི་རྣམ་གྲངས་འཐུས་ཚང་དུ་བཏང་ཐོག་རིན་མེད་པར་འདོན་སྤྲོད་བྱེད་པ་སོགས་འདུས་སོ།།


འབྲེལ་ཡོད་འོས་སྦྱོར།