logo

མཚོ་ལྷོ་ནས་སྤེལ་པའི《མཚོ་ལྷོ་ཁུལ་གྱི་རིག་དངོས་འགྲེམ་སྟོན》།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-03-17 ཀློག་གྲངས།:


རྫོང་རུའི་ཚོན་རྫ།


ཟངས་ཀྱི་མེ་ལོང་། 

            རྒྱུས་ལོན་བྱས་པ་ལྟར་ན།  ཉེ་ལམ་མཚོ་ལྷོ་མི་རིགས་དངོས་མང་བཤམས་སྟོན་ཁང་གིས་རིག་དངོས་ཐོན་ཁུངས་བེད་སྤྱད་ནས།  《མཚོ་ལྷོ་ཁུལ་གྱི་རིག་དངོས་འགྲེམ་སྟོན》ཞེས་པའི་བྱ་འགུལ་སྤེལ་ཏེ།  ཟླ2ཚེས12ནས་བཟུང་རིན་མེད་ངང་ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱུ་ཡིན་པ་རེད།


བོད་རིགས་བུད་མེད་ཀྱི་སྐྲ་ཤུབས། 


མར་སྒམ་ཆུང་ངུ་དང་དཀར་ཡོལ། 


ཀོ་ལྤག་གི་སྣོད་དང་གང་ས། 

            ཐེངས་འདིར་བསྡོམས་པས་རིག་དངོས200ལྷག་འགྲེམ་སྟོན་བྱ་རྒྱུ་ཡིན་པ་སྟེ།  དེ་ནང་དུ་རིམ་པ་དང་པོའི་རིག་དངོས5དང་།  རིམ་པ་གཉིས་པའི་རིག་དངོས8།  རིམ་པ་གསུམ་པའི་རིག་དངོས20།  ཟུར་བརྒྱན་འགྲེམ་དངོས15ལྷག་ཡོད་ཅིང་།  ཐེངས་འདིའི་འགྲེམ་སྟོན་ནང་དོན་གྱི་ཆ་ནས《མཚོ་ལྷོ་ཁུལ་ལོ་རྒྱུས་རིག་དངོས་འགྲེམ་སྟོན》དང་།  《མི་རིགས་དམངས་སྲོལ་རིག་དངོས་འགྲེམ་སྟོན》།  《ཆོས་ལུགས་རིག་དངོས་འགྲེམ་སྟོན》བཅས་ཁག་གསུམ་དུ་བགོས་ཡོད།


རིག་དངོས་གཤམ་སྟོན་གྱིས་མང་ཚོགས་ཀྱི་མིག་དབང་བཀུག་པ།


ཆོས་དཔེ།


ཆོས་ལུགས་གཤམ་སྟོན་ཁང་། 

             ལོ་རྒྱུས་ཀྱི་སྐོར་ལ་གཙོ་བོ་མཚོ་ལྷོ་ཁུལ་ནས་སྔོག་འདོན་བྱས་པའི་གནའ་བའི་སྐྱེ་དངོས་འགྱུར་རྡོ་དང་མང་རྫོང་རབ་འོག་ཏུ་སྔོག་འདོན་བྱས་པའི་རུས་རྒྱན་དང་།  གསེར་ཆེན་རྫོང་གི་ཐོ་ལི་ཐང་དང་།  མ་ཧན་ཐང་ལབ་ཙེ་སྡེ་བ་སོགས་ནས་འཚོལ་རྙེད་བྱུང་བའི་རྡོ་ཆས་རྙིང་པ།  འབའ་རྫོང་གི་ཐོ་ལི་ཐང་དང་།   ཁྲི་ཀའི་ཤ་འབུམ་ཐང་དུ་སྔོག་འདོན་བྱས་པའི་རྫ་ཆས་དང་རུས་རྒྱན།  ཟངས་རྒྱན།  དེ་མིན་རིག་དངོས་སྣ་ཚོགས་སོགས་འདུས་ཤིང་།   མི་རིགས་དམངས་སྲོལ་ཁག་ཏུ་གཙོ་ཆེར་བོད་རིགས་ཀྱི་ཐོན་སྐྱེད་ལག་ཆ་དང་རྒྱན་ཆ་སོགས་ཡིན།   ཆོས་ལུགས་ཁག་ཏུ་ཆོས་དཔེ་དང་ཆོས་ཆས་སོགས་བོད་བརྒྱུད་ནང་བསྟན་གྱི་སྒྱུ་དངོས་རྩ་ཆེན་སོགས་ཡིན། 


འབྲེལ་ཡོད་འོས་སྦྱོར།