logo

བརྙན་འཕྲིན་ཐུང་ངུ་གཉིས་པེ་ཅིན་སློབ་གྲྭ་ཆེན་མོའི་སློབ་ཆེན་པའི་གློག་བརྙན་འགྲན་བསྡུར་ལ་ཞུགས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-03-14 ཀློག་གྲངས།:

            བཀྲ་ཤིས་ཆོས་འཕེལ་གྱིས་འཁྲབ་ཁྲིད་བྱས་པའི་བོད་ཀྱི་བརྙན་འཕྲིན་ཐུང་ངུ《ཐང་ཀ》དང 《བོད་ཀྱི་བུད་མེད་འཚོ་བ》གཉིས་པེ་ཅིན་སློབ་གྲྭ་ཆེན་མོའི་སྐབས12པའི་སློབ་ཆེན་པའི་གློག་བརྙན་འགྲན་བསྡུར་ལ་ཞུགས་པ་རེད། 


  《ཐང་ཀ》ཞེས་པའི་བརྙན་འཕྲིན་ཐུང་ངུའི་སྣང་བརྙན། 

            《ཐང་ཀ》ཞེས་པ་འདིས་སྤྱན་རིས་གཟིགས་ཕྱག་སྟོང་སྤྱན་སྟོང་བརྗོད་བྱ་རུ་བཟུང་ཞིང་།  ཐང་ཀའི་སྒྱུ་རྩལ་པ་གསོ་སྐྱོང་བྱེད་པའི་ཁ་ཕྱོགས་དང་དམིགས་ཡུལ་ལ་གནད་དོན་ཆེན་པོ་བྱུང་ཡོད་པ་མངོན་པར་མཚོན་ཐབས་བྱས་ཡོད་དེ།  ཐང་ཀའི་སྒྱུ་རྩལ་ཚོང་རར་ཐོན་རྗེས།  སྒྱུ་རྩལ་པ་གསོ་སྐྱོང་བྱེད་པའི་དམིགས་ཡུལ་དེ་ཐད་ཀར་ཚོང་རྒྱུགས་བྱེད་ཐུབ་མིན་དང་།  ཐང་ཀའི་སྒྱུ་རྩལ་གྱི་འཕེལ་རྒྱས་དང་གསར་གཏོད་བྱེད་ཚད་དེ་དཔལ་འབྱོར་ཁོ་ནས་ཚད་མཚོན་གནང་བས།    བསམ་པའི་ཀུན་སྤྱོད་དང་སྒྱུ་རྩལ་ཆུ་ཚད་སོགས་གང་གི་ཐད་ནས་ཀྱང་སྒྱུ་རྩལ་པ་ཁྱད་འཕགས་ཤིག་གསོ་སྐྱོང་བྱེད་ཐུབ་ཀྱི་མེད་ཅིང་།  ཐང་ཀའི་སྒྱུ་རྩལ་དེ་ལེགས་ཕྱོགས་སུ་འཕེལ་ཐུབ་ཀྱི་མེད་པར་འགོག་རྐྱེན་ཐེབས་ཡོད་པ་རེད།   དེར་བརྟེན།  《ཐང་ཀ》ཞེས་པའི་བརྙན་འཕྲིན་ཐུང་ངུ་འདིས་ཐང་ཀའི་སྒྱུ་རྩལ་སྲུང་སྐྱོང་གི་མགྱོགས་མྱུར་རང་བཞིན་དང་དགོས་གལ་རང་བཞིན་ཤུགས་དྲག་སྒོས་མཚོན་གྱི་ཡོད་པ་རེད།  གཤམ་གྱི་དྲ་གནས་འདི་ལས《ཐང་ཀ》ཞེས་པའི་བརྙན་འཕྲིན་ཐུང་ངུ་འདི་ལ་གཟིགས་ཐུབ་ཀྱི་ཡོད།  


 《བོད་ཀྱི་བུད་མེད་འཚོ་བ》ཞེས་པའི་བརྙན་འཕྲིན་གྱི་སྣང་བརྙན།

             《བོད་ཀྱི་བུད་མེད་འཚོ་བ》ཞེས་པ་འདིས་མཚོ་བོད་མཐོ་སྒང་དུ་འཚོ་བའི་བོད་རིགས་བུད་མེད་ཀྱི་ངང་ཚུལ་དང་བབ་ཆགས་ཀྱི་གཤིས་རྒྱུད་མཚོན་པར་བྱེད་ཅིང་།  མཐོ་སྒང་གི་གནམ་གཤིས་ཀྱིས་ཁོ་མོ་ཚོའི་གཞུང་བཟང་གི་ངང་རྒྱུད་དང་ནུས་སྟོབས་ཆེ་བའི་གངས་ལྗོངས་བུད་མེད་ཀྱི་གཟུགས་བརྙན་སྐྲུན་པ་དང་།   ངོ་མཚར་ཆེ་བའི་ཆོས་ལུགས་དད་མོས་ཀྱིས་ལྷག་པར་དུ་ཁོ་མོ་ཚོར་ནམ་ཡང་དཀའ་ཁག་ལ་མི་འཛེམ་པའི་འཚོ་བའི་འདུན་མ་ཞིག་བསྩལ་བ་རེད།  གཤམ་གྱི་དྲ་གནས་འདི་ལས 《བོད་ཀྱི་བུད་མེད་འཚོ་བ》ཞེས་པའི་བརྙན་འཕྲིན་ཐུང་ངུ་འདི་ལ་གཟིགས་ཐུབ་ཀྱི་ཡོད།


འབྲེལ་ཡོད་འོས་སྦྱོར།