དཔའ་རིས་རྫོང་གིས་དཔའ་རིས་བོད་ཀྱི་དམངས་གླུའི་ཤུལ་འཛིན་བརྒྱུད་ཁྲིད་བྱ་འགུལ་སྤེལ་བ་ཡིན།
བྱ་འགུལ་གྱི་ཡུལ་དངོས།
ཟླ3པའི་ཚེས10ཉིན་གྱི་དགོང་མོ། དཔའ་རིས་བོད་རང་སྐྱོང་རྫོང་བོད་སྐད་ཡིག་བྱ་བའི་ལས་ཤག་གིས་རྩ་འཛུགས་བྱས་ནས་རྫོང་སྲིད་གྲོས་ཚོགས་ཁང་དུ2011ལོའི་སྐབས་གཉིས་བའི་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་རྣམ་གྲངས་ཏེ་དཔའ་རིས་བོད་ཀྱི་དམངས་གླུའི་ཤུལ་འཛིན་བརྒྱུད་ཁྲིད་བྱ་འགུལ་སྤེལ་བ་ཡིན།
དཔའ་རིས་མི་རིགས་སློབ་འབྲིང་གི་དགེ་རྒན་རྣམས་གླུ་ལེན་པའི་ཚུལ།
དཔའ་རིས་ནི་ས་རྒྱ་ཆེ་ཞིང་ས་ཁུལ་རང་བཞིན་གྱི་རིག་གནས་ཁྱད་ཆོས་མངོན་དུ་དོད་ལ།ལྷག་པར་དུ་དཔའ་རིས་དམངས་གླུའི་ངག་གི་དབྱངས་རྟ་ནི་བོད་ཁུལ་གཞན་དག་དང་ཐུན་མོང་མ་ཡིན་པའི་བླ་ལྷག་གི་ཁྱད་ཆོས་གང་མང་ལྡན། དཔའ་རིས་བོད་ཀྱི་དམངས་གླུ་ལ་སྲུང་སྐྱོང་བྱེད་པའི་ཆེད་དུ།ལོ་མང་རིང་ལ་བོད་སྐད་ཡིག་ལས་ཤག་གིས་སྲུང་སྐྱོང་བྱ་ཡུལ་ནི་དཔའ་རིས་ཡུལ་ཁོངས་སུ་གཏོགས་པའི་ལ་ལུང་ཡུལ་གྲུ་ཀུན་དུ་ཁྱབ་འདུག
གླུ་བ་གཞོན་ནུ་མས་གླུ་ལེན་བཞིན་པ།

གླུ་མ་རྣམས་སྒྲ་ཕབ་ཁང་དུ་སྒྲ་ཕབ་བཞིན་པ།
ཐེངས་འདིར་སྤེལ་བའི་བྱ་འགུལ་ནི་བོད་སྐད་ཡིག་ལས་ཤག་གིས་ནན་ཏན་གྱི་སྒོ་ནས་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་རྣམ་གྲངས་དཔའ་རིས་བོད་ཀྱི་དམངས་གླུ་སྲུང་སྐྱོང་བརྒྱུད་ཁྲིད་བྱ་བ་དངོས་སུ་ལག་སྟར་བྱས་བ་ཡིན།
གླུ་བ་རྒན་གཞོན་གྱི་མཉམ་པར།
མིག་སྔར། དམངས་གླུའི་འཚོལ་བསྡུ་བརྩམ་སྒྲིག་བྱ་བ་འགྲུབ་ནས་གླུ་བ་ཚོས་བླངས་བའི་ངག་ཐམས་ཅད་སྒྲར་ཕབ་ནས་འོད་སྡེར་འཕུད་རྒྱུར་འབད་བཞིན་ཡོད་། ལས་དོན་འདི་འགྲུབ་ན་དཔའ་རིས་བོད་ཀྱི་རྗེས་རབས་པ་ཚོར་ལྷད་མེད་ཀྱི་སྲོལ་རྒྱུན་རིག་གནས་འདི་བརྒྱུད་ཁྲིད་བྱེད་པར་དོན་སྙིང་བརྗོད་ཀྱིས་མི་ལང་བ་ཡོད་ངེས་རེད།