logo

མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བདུན་པའི་གྲ་སྒྲིག་ལས་དོན་ཚོགས་འདུ་བསྡུས།

རྩོམ་པ་པོ།:ཡེ་ཤེས་སྒྲོལ་མས་བསྒྱུར། ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2018-04-02 ཀློག་གྲངས།:
     སྤྱི་ཟླ3པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བདུན་པ་དང་དམངས་ཡོངས་ཀྱི་ལུས་སྦྱོང་ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཚོགས་འདུ་བསྡུས་ཤིང་། ཚོགས་ཐོག་ཏུ་ཚང་མས་སྔོན་འགྲོའི་ལས་ཀའི་གནས་ཚུལ་ལ་ཉན་པ་དང་། ཚོགས་ཆེན་གྱི་སྒྲིག་འཛུགས་དང་འཁོར་སྐྱོད་ཀྱི་ཇུས་གཞི་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས་ཏེ། མཇུག་སྐྱོང་བྱ་བར་བཀོད་སྒྲིག་གནང་བ་རེད། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་དབྱང་ཧྥེང་ཁྲུན་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
     དབྱང་ཧྥེང་ཁྲུན་གྱིས་ནན་གྱིས་བསྟན་དོན། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཀྱིས་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་སྡུར་ཐད་ཀྱི་དགོས་མཁོ་དང་། མང་ཚོགས་ཀྱི་ཉིན་རྒྱུན་ལུས་ཕུང་སྦྱོང་བརྡར་ཐད་ཀྱི་དགོས་མཁོ་བསྐང་ཐུབ་དགོས་པའི་མི་ཚད། ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་སྡུར་བྱས་འབྲས་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་དང་། མང་ཚོགས་རང་བཞིན་གྱི་ལུས་རྩལ་བྱེད་སྒོའི་ཆུ་ཚད་མཐོར་འདེགས་གཏོང་ཐུབ་པའི“དགོས་མཁོ་གཉིས་”དང་“མཐོར་འདེགས་གཉིས”ཀྱི་དམིགས་ཡུལ་འགྲུབ་པར་སྐུལ་འདེད་ཐུབ་པ་བྱས་ཏེ། འགན་འཁྲི་དོན་ཐོག་འཁྱོལ་བ། རྩ་འཛུགས་གོ་རིམ་ལྡན་པ། བདེ་འཇགས་གནད་དུ་འཁེལ་བ། དྲིལ་སྒྲོག་དུས་ལྟར་ཐོན་པ། ཞབས་ཞུ་འཐུས་ཚང་ཡོད་པ་བཅས། སྐབས་འདིའི་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་ལ་ས་ཁོངས་ཀྱི་ཁྱད་ཆོས་གསར་པ་ལྡན་པ་དང་། ལུས་རྩལ་གྱི་སྣང་ཚུལ་གསར་པ་ངོམ་པ། བདེ་ཐང་གི་མཚོ་སྔོན་གསར་པ་དྲིལ་སྒྲོག་བྱེད་པའི་ལུས་རྩལ་འགྲན་ཚོགས་སུ་བསྒྲུབ་པར་ཁག་ཐེག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་དམངས་བཅས་མང་ཚོགས་ཀྱི་ཡིད་ཚིམ་པར་བྱ་དགོས་ཟེར།
     གྲོས་ཚོགས་ཀྱི་སྔོན་དུ། དབྱང་ཧྥེང་ཁྲུན་གྱིས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་ཁྲིད་དེ། དགོན་ལུང་ཐུའུ་རིགས་རང་སྐྱོང་རྫོང་གི་དམངས་ཡོངས་ཀྱི་ལུས་ཕུང་སྦྱོང་བརྡར་ལྟེ་གནས་དང་། སྟོད་པ་རྒྱལ་ཁབ་ས་མཐོའི་ལུས་རྩལ་སྦྱོང་བརྡར་རྟེན་གཞི་གཉིས་སུ་ཕྱིན་ནས་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་ཀྱི་འགོ་རྩོམ་མཛད་སྒོ་དང་མཇུག་སྒྲིལ་མཛད་སྒོ་སྤེལ་སའི་ཡུལ་དངོས་སུ་རྟོག་ཞིབ་བྱས་པ་རེད།


འབྲེལ་ཡོད་འོས་སྦྱོར།