ཀྲུང་ཤིན་མཱིན་གྱིས་གཡང་ཕྱུག་འཚོའི་མཚན་སྙན་རྒྱས་པར་ཡིད་ཆེས་ཆེན་པོ་ཡོད་པར་བཤད།
ཀྲུང་ཤིན་མཱིན་དང་ཚཱོས་ཡན། གཡང་ཕྱུག་འཚོ་གསུམ་མཉམ་གྱིས་པར་བསྐྱོན་པ།
ཉེ་ལམ། གཡང་ཕྱུག་འཚོས་པེ་ཅིན་ནས་ཆེད་བསྒྲིགས་གླུ་གཞས་གསར་བ་ཕབ་སྐྲུན་བྱེད་ཀྱི་ཡོད་པ་དེར། ཀྲུན་ཤིན་མཱིན་དང་ཀྲུང་གོའི་ཆེས་ལོ་ན་གཞོན་པའི་གླུ་མ་ཚཱོས་ཡན་གཉིས་ཀྱིས་རྒྱབ་སྐྱོར་བླ་ལྷག་གནང་བ་རེད།
ཐུན་མོང་མ་ཡིན་པའི་གླུ་མ་གཡང་ཕྱུག་འཚོ།
ཉེ་བའི་ཉིན་འགའི་སྔོན་དུ། ཀྲུང་ཤིན་མཱིན་ཐེ་ཝན་ནས་པེ་ཅིན་ལ་ཡོང་སྟེ་གཡང་ཕྱུག་འཚོའི་ཆེད་བསྒྲིགས་གླུ་གཞས་ཀྱི་ཕབ་སྐྲུན་གོ་རིམ་ལ་འཆར་འགོད་གནང་པ་རེད། གླུ་མ་གཡང་ཕྱུག་འཚོའི་གཞས་དབྱངས་ལ་ཉན་རྗེས་ཚོར་སྣང་ཟབ་མོ་ཞིག་ཡོད་པ་ནི“ཁོ་མོའི་སྙན་འཇེབས་ཀྱི་གླུ་སྐད་ལས་མི་སེམས་དབང་མེད་དུ་འགུག་ནུས་པས། མ་འོངས་བར་གཡང་ཕྱུག་འཚོའི་མཚན་སྙན་མཁའ་ལ་འཕྱོ་ངེས་པར་ཡིད་ཆེས་ཟབ་མོ་ཡོད”ཞེས་བཤད།
བརྙན་ཕབ་བྱེད་བཞིན་པའི་གཡང་ཕྱུག་འཚོ།
ཚཱོས་ཡན་གྱིས་གཡང་ཕྱུག་འཚོ་ནི་ཆེས་འོས་ཤིང་འཚམ་པའི་སྒྱུ་རྩལ་པ་ཞིག་རེད་ཟེར།
ཚཱོས་ཡན་ནི་རྒྱལ་ནང་གི་གླུ་གཞས་སྟེགས་བུ་ཁྲོད་ལོ་ན་ཆེས་གཞོན་པའི་གླུ་མ་ཞིག་ཡིན་ལ། sweetyཚན་སྡེབ་དང་། ལིན་ཀྲི་དབྱི། BOBOཚན་སྡེབ། ཁྲིན་ཤོད་ཏུང་སོགས་ལ་བརྩམས་ཆོས་གསར་གཏོད་དང་བཟོ་སྐྲུན་བྱེད་པའི་འགན་བཞེས་མྱོང་བ་རེད།
ཚཱོས་ཡན་གྱིས“གཡང་ཕྱུག་འཚོས་རྟག་ཏུ་མི་རྣམས་ལ་བསམ་ཡུལ་ལས་འདས་པའི་དགའ་སྤྲོ་སྦྱིན་ཞིང་། ཉིན་གསུམ་བཞིའི་ནང་གླུ་གཞས་གསུམ་ཙམ་ཕབ་སྐྲུན་བྱེད་ཀྱི་ཡོད་པ་ལ་ལྟོས་ན་འཕེལ་རྒྱས་ཀྱང་ཤིན་ཏུ་མྱུར་བར་ཡོད་ཅིང་། དངོས་གནས་ཆེས་འོས་ཤིང་འཚམ་པའི་སྒྱུ་རྩལ་པ་ཞིག་ཏུ་འདོད།”ཞེས་བཤད་པ་རེད།