བོད་ལྗོངས་རྟ་རྩལ་རུ་ཁག་གིས་ལོ་སར་ཚེས་གསུམ་ཉིན་རྟ་རྩལ་འགྲན་བསྡུར་བྱས་་པ།
རྟ་རྒྱུགས་འགྲན་བཞིན་པ།
གསར་འགོད་པས་བོད་རང་སྐྱོང་ལྗོངས་རྟ་རྩལ་རུ་ཁག་ནས་ཤེས་རྟོགས་བྱུང་བ་ལྟར་ན། བོད་ཀྱི་ལོ་གསར་ལ་བསུ་བ་ཞུ་བ་དང་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད་ཉེ་དུས་རང་སྐྱོང་ལྗོངས་རྟ་རྩལ་རུ་ཁག་གིས་དུས་ཚོད་དམ་འཛིན་བྱས་ཏེ་བོད་ཀྱི་ལོ་གསར་ཚེས3ཉིན་འགྲན་བསྡུར་གྱི་རྟ་རྩལ་སྦྱོང་བརྡར་བྱས་ཤིང་། སྐབས་དེ་དུས་ཁོང་ཚོས་ལྷ་སའི་གཟིགས་མོ་བ་ཚོར་ངོ་མཚར་ཆེ་བའི་རྟ་རྩལ་འགྲན་བསྡུར་བྱས་པ་རེད།
རྟ་ཐོག་ནས་རྩལ་འགྲན་པ།
རང་སྐྱོང་ལྗོངས་རྟ་རྩལ་རུ་ཁག་གི་རུ་དཔོན་ལོ་ཧུའེ་ཡིས་དེ་སྔའི་བོད་ཀྱི་ལོ་གསར་ཚེས་གསུམ་གྱི་རྟ་རྩལ་འགྲན་བསྡུར་དང་བསྡུར་ན། འདི་ལོ་འགྲན་བསྡུར་ནང་ཞུགས་མཁན་གྱི་རྟ་པ་དང་རྟ་མང་དུ་བཏང་ཡོད། དེ་སྔའི་འགྲན་བསྡུར་གྱི་རྣམ་གྲངས་ཕུད་འདི་ལོ་ད་དུང་རྣམ་གྲངས་གསུམ་སླར་གསོ་བྱས་ཡོད་པ་དང་། རྟ་བར་རྨས་སྐྱོན་ཕོག་སྟེ་རྟ་རྩལ་རུ་ཁག་ནས་ཕྱིར་འཐེན་བྱས་པར་བརྟེན་ལོ་ལྔ་ཙམ་འགྲན་བསྡུར་བྱེད་མཚམས་ཆད་པའི་རྟ་ཐོག་ཞབས་བྲོ་དང་། བུ་མོས་མེ་ཏོག་གི་སི་ར་སྒྲུག་པ།རྟའི་ཕྲག་སྟེང་དུ་ཀེར་རེར་ལངས་བ་བཅས་ཀྱི་འགྲན་བསྡུར་སླར་ཡང་མི་རྣམས་ཀྱི་མིག་ལམ་དུ་མངོན་པ་རེད།
རྟ་ཐོག་ནས་རྩལ་འགྲན་པ།
རྟ་རྒྱུགས་འགྲན་བསྡུར་ལ་ལྟད་མོ་ལྟ་བཞིན་པའི་མང་ཚོགས།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་ལོ་གསར་ཚེས3ཉིན་གྱི་རྟ་རྩལ་འགྲན་བསྡུར་གྱི་དུས་ཚོད་དེ་ཞོགས་པའི་ཆུ་ཚོད10:30ཡིན་པ་དང་སྐབས་དེ་དུས་རྟ་རྩལ་འགྲན་བསྡུར་བལྟ་རྒྱུར་དགའ་བའི་ལྷ་སའི་གྲོང་མི་ཚོས་རྟ་རྒྱུག་ཐང་དུ་ངོ་མཚར་ཆེ་བའི་རྟ་རྩལ་མང་པོ་མཐོང་བ་རེད།