ལྷ་སའི་རྫོང་རྒྱབ་ཀླུ་ཁང་སྐྱེད་མོས་ཚལ་དུ་ལོ་གསར་ལ་དགའ་སྟོན་རྟེན་འབྲེལ་ཞུས་པ།
བོད་རང་སྐྱོང་ལྗོངས་བོད་ཀྱི་ཟློས་གར་ཚོགས་པས་ལོ་གསར་སྨོན་འདུན་གྱི་འཁྲབ་ཚན་ཐོག་མ་ཕུལ་བ།
ཟླ3པའི་ཚེས5ཉིན་ནི་བོད་ཀྱི་ལོ་གསར་ཚེས་གཅིག་ཡིན་ཞིང་། ལྷ་སའི་རྫོང་རྒྱབ་ཀླུ་ཁང་སྐྱེད་མོས་ཚལ་དུ་ཞོགས་པ་སྔ་མོ་ནས་བཟུང་རིག་རྩལ་འཁྲབ་སྟོན་ཐོག་མ་ཀུན་གྱི་མིག་གི་དགའ་སྟོན་དུ་ཕུལ་ཏེ། གཟིགས་མོ་བ་རྣམས་དང་ལྷན་དུ་དགའ་བདེ་དཔལ་གྱིས་ཁེངས་པའི་དུས་བཟང་བོད་ཀྱི་ལོ་གསར་ལ་རོལ་བ་རེད།
བོད་ཀྱི་ལྷ་མོ་འཁྲབ་པ།
བོད་རང་སྐྱོང་ལྗོངས་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་པ40ལྷག་གིས་དུས་ཚོད་གཅིག་དང་སྐར་མ་ཕྱེད་ཀ་ཙམ་ལ་བོད་ཀྱི་ཟློས་གར་དང་། གླུ་གཞས། ཞབས་བྲོ། དེ་མིན་བོད་ཀྱི་ལོ་གསར་དགོང་ཚོགས་སྟེང་འཁྲབ་ཅིང་ཀུན་གྱིས་རྗེས་སུ་ཡི་རང་བྱེད་བཞིན་པའི་ཁ་ཤགས་སོགས་ནང་དོན་གྱ་ནོམ་པ་ཞིག་གཟིགས་མོ་བ་རྣམས་ལ་ཕུལ་བ་རེད།
དམངས་དང་ལྷན་དང་བོད་ཀྱི་ལོ་གསར་ལ་རོལ་བ།
ཤེས་གསལ་ལྟར་ན། ཐོག་མའི་བཀོད་སྒྲིག་ནང་ལྟར། ཟླ3པའི་ཚེས7ཉིན་ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པས་རྫོང་རྒྱབ་ཀླུ་ཁང་དུ་འཁྲབ་སྟོན་གཞན་ཞིག་ཡང་བསྐྱར་གཟིགས་མོ་བ་རྣམས་ཀྱི་སྤྱན་ལམ་དུ་འབུལ་པ་རེད།