logo

མཚོ་ལྷོ་ཁུལ་དུ་བོད་རབ་བྱུང་བཅུ་བདུན་པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་རོལ།

རྩོམ་པ་པོ།:ལྷ་མོ་ཐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-03-07 ཀློག་གྲངས།:


མཚོ་སྔོན་པོ་ཐང་ཆེན་དུ་བོད་ཀྱི་ལོ་སར་ལ་རོལ་བཞིན་པ།


ཨ་རྩེད་འཁྲབ་བཞིན་པ།

  སྤྱི་ལོ༢༠༡༡ལོའི་ཟླ༣པའི་ཚེས༥སྟེ། བོད་རབ་བྱུང་བཅུ་བདུན་པའི་ལྕགས་མོ་ཡོས་ལོའི་ཟླ༡པོའི་ཚེས༡ཉིན་མཚོ་ལྷོ་ཁུལ་དུ་ལོ་སར་གྱི་དགའ་སྟོན་ལ་རོལ། 


བོད་པའི་བུ་མོས་གསོལ་ཇ་འདྲེན་བཞིན་པ།

  ཚེས༡པོའི་སྔ་དྲོར་མཚོ་སྔོན་པོ་ཐང་ཆེན་དུ་བོད་རིགས་སྤུན་ཟླ་དག་ལྷན་འཛོམས་བྱུང་ནས་དགའ་བའི་དཔལ་དང་སྐྱིད་པའི་འཛུམ་གྱིས་བོད་ཀྱི་ལོ་སར་སྤྲོ་ཚོགས་ལ་རོལ། གུང་ཧོ་རྫོང་གླུ་གར་ཚོགས་པས་བོད་རང་གི་ཁྱད་ཆོས་ལྡན་པའི་གླུ་གར་གྱ་ནོམ་པ་ཞིག་རྒྱ་ཆེ་གཟིགས་མོ་བར་ལོ་སར་གྱི་ལེགས་སྐྱེས་སུ་ཕུལ་བ་ཡིན།


ཁུལ་དཔོན་གཞོན་པ་བསོན་ནམས་རྒྱལ་ལགས་ཀྱིས་ལོ་སར་གྱི་ཤིས་ཚིག་འབུལ་བཞིན་པ།

  ཚེས༡པོའི་དགོང་མོར་མཚོ་ལྷོ་ཁུལ་མགྲོན་ཁང་དུ་ཁུལ་རིམ་པའི་འགོ་ཁྲིད་དང་བོད་རིགས་སྤུན་ཟླ་དག་གིས་མཉམ་དུ་བོད་ཀྱི་ལོ་སར་ལ་རོལ།  མཚོ་ལྷོ་ཁུལ་གླུ་གར་ཚོགས་པ་དང་།  མཚོ་སྔོན་པོ་དམངས་ཁྲོད་གླུ་གར་ཚོགས་པ།  བདེ་སྐྱིད་ཚོ་བའི་གླུ་གར་ཚོགས་པ་གསུམ་གྱིས་གར་གྱི་སྟངས་སྟབས་དང་ངག་གི་དབྱངས་རྟ་ལས་དགོང་ཚོགས་ལ་དགའ་སྤྲོའི་དགོད་སྒྲའི་ཁེངས། 
  མཇུག་མཐར་ཁུལ་རིམ་པའི་འགོ་ཁྲིད་དང་བོད་རིགས་སྤུན་ཟླ་རྣམས་ཀྱིས་མཉམ་དུ་ཨ་མདོ་སྐོར་བྲོ་འཁྲབ་བཞིན་བཀྲ་ཤིས་ཁ་གཡང་སྒྲོག་ནས་བོད་ལྕགས་མོ་ཡོས་ལོའི་ལོ་སར་དགོང་ཚོགས་ཀྱི་མཇུག་རྫོགས་པ་ཡིན། །


གླུ་མ་བྱང་མོ་མཚོས་དྲུག་འགྱུར་ངག་ལས་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ་བཞིན་པ།


རུ་ཡོང་རིག་ལོས་རྡུང་ལེན་དཀྲོལ་བཞིན་པ།


གླུ་བ་ལྷ་ཆེན་རྒྱལ་གྱིས་དམངས་གླུ་ལེན་བཞིན་པ།


སྐོར་བྲོ་འཁྲབ་བཞིན་པ།


འབྲེལ་ཡོད་འོས་སྦྱོར།