སེམས་ཀྱི་ཉི་ཟླ་རྫོང་བརྙན་འཕྲིན་ཁང་དངོས་སུ་གཏོང་འགོ་བརྩམས་པ།
རྩོམ་པ་པོ།:ཚེ་རིང་རྒྱ་མཚོ།
ཡོང་ཁུངས།:སེམས་ཀྱི་ཉི་ཟླའི་དྲ་བ།
དུས་ཚོད།:2011-03-05
ཀློག་གྲངས།:
ཉེ་ལམ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་བརྙན་འཕྲིན་ཁང་དངོས་སུ་གཏོང་འགོ་བརྩམས་པ་དང་། བརྙན་འཕྲིན་དངོས་སུ་གཏོང་འགོ་བརྩམས་པའི་མཛད་སྒོ་བསྡུས། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ཨུ། སེམས་ཀྱི་ཉི་ཟླ་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཕུན་ཡའོ་ཝུན་མཛད་སྒོ་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
ཕུན་ཡའོ་ཝུན་གྱིས་བཤད་རྒྱུར། ཡུན་ནན་ཞིང་ཆེན་ཏང་ཨུ་དང་ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་རྒྱབ་སྐྱོར་དང་ཐུགས་ཁུར་ཆེན་པོ་བྱས་ཤིང་། བདེ་ཆེན་ཁུལ་ཏང་ཨུ་དང་བདེ་ཆེན་ཁུལ་སྲིད་གཞུང་། སྤྱི་ཚོགས་སྟེང་གི་ལས་རིགས་སོ་སོས་ཐུགས་ཁུར་བྱས་འོག སེམས་ཀྱི་ཉི་ཟླ་རྫོང་ཏང་ཨུ་དང་སྲིད་གཞུང་གིས་ཚན་རིག་གི་འཕེལ་རྒྱས་ལྟ་བ་མཛུབ་སྟོན་དུ་བྱས་ཏེ་གོ་སྐབས་དམ་འཛིན་དང་། བགྲོད་ལམ་གསར་གཏོད། ལས་དོན་རྣམས་དངོས་འབབས་བྱས་པས་རྫོང་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་ལ་འཕེལ་རྒྱས་ཆེན་པོ་བྱུང་། དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བཞིན་པ་མ་ཟད་སྤྱི་ཚོགས་ཕྱོགས་ཡོངས་སུ་འཕེལ་རྒྱས་འགྲོ་བ་དང་མི་རིགས་མཐུན་སྒྲིལ་འཆམ་མཐུན་ཡིན་པ། ཆོས་ལུགས་འཆམ་མཐུན་ངང་སྤེལ་བཞིན་པའི་དུས་སྐབས་བཟང་པོ་ཞིག་ལ་ཐོན་ཡོད།
ཕུན་ཡའོ་ཝུན་གྱིས་བསྟན་དོན། སེམས་ཀྱི་ཉི་ཟླ་རྫོང་བརྙན་འཕྲིན་ཁང་ནི་ཕྱི་ལ་དྲིལ་བསྒྲག་བྱེད་པའི་སྒེའུ་ཁུང་ཞིག་ཡིན་པ་མ་ཟད། སེམས་ཀྱི་ཉི་ཟླ་རྫོང་ཏང་ཨུ་དང་སྲིད་གཞུང་གི་སྨྲ་ལྕེ་ཀྱང་ཡིན། དུས་ལྟར་ཏང་གི་ལམ་ཕྱོགས་དང་རྩ་དོན། སྲིད་ཇུས་དྲིལ་བསྒྲག་བྱེད་བཞིན་པའི་དུས་མཚུངས་སུ་དམངས་འཚོ་ལ་མཉམ་འཇོག་བྱེད་པ་དང་དམངས་ཀྱི་གནས་ཚུལ་རྒྱུས་ལོན་བྱེད་པའི་ལས་འགན་ཡང་ཁུར་ཡོད་པས། སེམས་ཀྱི་ཉི་ཟླ་རྫོང་ཏང་ཨུའི་སྲིད་གཞུང་དང་མང་ཚོགས་བར་གྱི་གསེར་ཟམ་ལྟ་བུ་གྱུར་ཡོད།

འབྲེལ་ཡོད་འོས་སྦྱོར།