logo

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་བོད་ལུགས་ལོ་གསར་སྤྲོ་ཚོགས་དེ་མཚོ་སྔོན་མགྲོན་ཁང་དུ་འཚོགས་པ།

རྩོམ་པ་པོ།:གཡང་འབུམ་རྒྱལ། རིག་འཛིན་རྡོ་ར ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2011-03-04 ཀློག་གྲངས།:


མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་
ཡང་ཧྲུའུ་ཀོང་གིས་སྤྲོ་ཚོགས་ལ་མགོ་འཛིན་བྱེད་བཞིན་པ།

            མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་བོད་ལྕགས་མོ་ཡོས་ལོའི་ལོ་གསར་སྤྲོ་ཚོགས་དེ་ཟླ3ཚེས2ཉིན་གྱི་དུས་ཚོད12སྟེང་མཚོ་སྔོན་མགྲོན་ཁང་གི་ཚོམས་ཆེན་ནང་འཚོགས་པ་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲིན་ཙི་ཆོན་དང་རིན་ཆེན་རྣམ་རྒྱལ། ལི་ཀྲུང་པའོ། ཧན་ཡུས་ཀོས། བློ་མཐུན་རྒན་པ་དཀོན་མཆོག   དེ་མིན་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཞིང་ཆེན་དམངས་གཙོ་ཏང་ཁག་སོ་སོ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་བོད་རིགས་ལས་བྱེད་པ་དང་མཚོ་སྔོན་ཞིང་ཆེན་གྱི་སྨྱན་བྱད་ཁོངས་གཏོགས་སྡེ་ཁག་གི་གསར་འགོད་པ་སོགས་མི་བརྒྱ་དང་ཉི་ཤུ་ལྷག་ཐེངས་འདིའི་སྤྲོ་ཚོགས་ལ་ཞུགས་ཏེ་མཉམ་དུ་བོད་ལྕགས་མོ་ཡོས་ལོའི་ལོ་སར་སྤྲོ་ཚོགས་ལ་རོལ།


མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་གྱིས་
སྤྲོ་ཚོགས་སྟེང་ཤིས་ཚིག་འབུལ་བཞིན་པ།


མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་གྱིས་སྤྲོ་ཚོགས་ལ་
ཞུགས་པའི་འབྲེལ་ཡོད་མགོ་ཁྲིད་པར་ལོ་ཆང་འགྱོགས་བཞིན་པ།

            མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཡང་ཧྲུའུ་ཀོང་གིས་སྤྲོ་ཚོགས་ལ་མགོ་འཛིན་བྱས་པ་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་གྱིས་སྤྲོ་ཚོགས་སྟེང་ཤིས་ཚིག་ཕུལ། ཁོང་གིས་སྤྲོ་ཚོགས་སྟེང་འདི་ལྟར།  དེ་རིང་ང་ཚོ་གནས་འདི་རུ་ལྷན་དུ་འཛོམས་ནས། བོད་ལྕགས་མོ་ཡོས་ལོའི་ལོ་སར་གྱི་བཀྲ་ཤིས་དུས་སྟོན་ལ་རོལ། ངས་ཐོག་མར་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པར་དུས་ཆེན་གྱི་རྟེན་འབྲེལ་ཞུ་བ་དང་མཉམ་དུ་བོད་རིགས་སྤུན་ཟླ་རྣམ་པར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་སྨོན་འདུན་བཟང་བོ་ཞུས་པ་ཡིན། འདས་མ་ཐག་པའི་ཉིས་སྟོང་བཅུ་ལོ་ནི། སྤྱིར་བཏང་མ་ཡིན་པའི་ལོ་ཞིག་ཡིན་པ་དང་། འདས་པའི་ལོ་ངོ་གཅིག་གི་རིང་ལ་ང་ཚོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དང་རྒྱབ་སྐྱོར་ཆེན་པོའི་འོག་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྟོབས་དང་ལྡན་པའི་མགོ་ཁྲིད་འོག  དཀའ་བ་སྣ་ཚོགས་ཁྱད་དུ་བསད་དེ་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་ནས། སེམས་ཤུགས་གཅིག་མཐུན་དང་དཀའ་ངལ་སྣ་ཚོགས་མཉམ་སེལ་བྱས་ཏེ། ཡུལ་ཤུལ་ས་འགུལ་ཆེན་པོའི་གནོད་འཚེ་ལས་རྣམ་པར་རྒྱལ་ཞིང་། མཚོ་སྔོན་ཞིང་ཆེན་གྱི་བྱ་བ་སྣ་ཚོགས་ཐད་དགའ་འོས་པའི་གྲུབ་འབྲས་བླངས། བོད་ལྕགས་མོ་ཡོས་ལོའི་ལོ་སར་མི་འགྱངས་པར་སླེབས་ལ་ཉེ་བའི་སྐབས་འདིར། ང་ཚོས་རྒྱ་ཆེ་བའི་ཡུལ་ཤུལ་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། སྤྱི་ཚོགས་ལས་རིགས་སོ་སོའི་ཐུགས་ཁུར་དང་རྒྱབ་སྐྱོར་འོག   དཀའ་སྡུག་སྣ་ཚོགས་ལས་རྣམ་པར་རྒྱལ་ཞིང་བཀྲ་ཤིས་ཤིང་དྲོད་སྐྱིད་ལྡན་པའི་ལོ་གསར་བ་ཞིག་རོལ་ཐུབ་པའི་སྨོན་འདུན་སྙིང་ནས་ཞུས་པ་ཡིན་ཞེས་གསུངས།


ཐེངས་འདིའི་སྤྲོ་ཚོགས་ལ་ཞུགས་པའི་མགོ་ཁྲིད་པས་ཕན་ཚུན་ལ་བཀྲ་ཤིས་བདེ་ལེགས་ཞུ་བཞིན་པ།


དགའ་སྤྲོའི་ཁེངས་པའི་ཚོགས་རའི་ཟུར་ཅིག

            སྤྲོ་ཚོགས་ཀྱི་མགོ་མཇུག་བར་གསུམ་དུ་བོད་མི་རིགས་རང་གི་རིག་གནས་སྒྱུ་རྩལ་གྱི་རྣམ་པས་ཡོངས་སུ་ཕྱུག་པའི་མཐོ་སྒང་གི་དཔྱིད་ཀ་ཞེས་པའི་ཞབས་བྲོ་དང་མཁའ་ལམ་སོགས་གླུ་དབྱངས་སྣ་ཚོགས་ཀྱིས་ཟུར་བརྒྱན་ཡོད་པས། ཚོགས་ར་ཧྲིལ་བོར་སྤྲོ་སྐྱིད་ཀྱི་རྣམ་པས་ཡོངས་སུ་ཁེངས།


འབྲེལ་ཡོད་འོས་སྦྱོར།