ལྕགས་ཡོས་ལོའི་བོད་ལུགས་ལོ་སར་གྱི་རྣམ་པས་ཁེངས་བ།
ལོ་སར་རོལ་བ།
མཆོད་མར་མེ་ཏོག་ལག་ཏུ་བཟུང་ནས་ཁ་བྲོ་བཀྲ་ཤིས་སྨོན་པ།
དཔྱིད་གསར་དུས་ཆེན་མཇུག་རྫོགས་ཤིང་། སང་ཉིན2011ལོའི་བོད་ལུགས་ལོ་སར་བསུ་བ་བྱེད་པའི་དུས་འདིར། བོད་མི་རྣམས་ལོ་སར་ལ་སྟ་གོན་བགྱིས་ནས་ལས་ལ་བྲེལ་ཞིང་སྤྲོ་སྐྱིད་ཀྱི་རྣམ་པས་ཁེངས་ཡོད་པ་རེད།
ལོ་སར་ནི་བྱིས་པ་ཚོར་མཚོན་ན་དེ་ལས་ལྷག་པའི་དོན་སྙིང་ཆེན་པོ་ལྡན་པ་རེད།
བཀྲ་ཤིས་པའི་བོད་ཡིག་སྒོ་བྱང་།
མི་ལ་ལས་བཤད་རྒྱུར། འཕེལ་རྒྱས་སུ་ཕྱིན་པའི་དེང་གི་དུས་འདིར། དམངས་ཁྲོད་དུས་སྟོན་གང་མང་ཞིག་ལ་སྲོལ་རྒྱུན་གྱི་ཁྱད་ཆོས་ཡལ་བཞིན་འདུག ཡིན་ཡང་ཏག་ཏག་ལོ་སར་གྱི་དུས་སྟོན་འདིས་ད་དུང་སྔར་བཞིན་རིག་གནས་དང་མི་རིགས་ཀྱི་ཁྱད་ཆོས་དོད་པོ་རྒྱུད་འཛིན་བྱས་ཡོད་དེ། དར་ལྕོགས་འདོགས་པ་དང་། ཁྱིམ་མི་ལྷན་འཛོམས་ཀྱིས་དགུ་ཐུག་འཐུང་བ། གདོན་བགེགས་འདུལ་བ། གྲོ་སོ་ཕྱེ་མ་ཁྱེར་ནས་ཁྱིམ་གཞན་ལ་ལོ་སར་འགྲོ་བ་དང་ཕན་ཚུན་ལ་ཁ་བཏགས་ཕུལ་ཏེ་བཀྲ་ཤིས་ཁ་གཡང་བརྗོད་པ་སོགས་བྱེད་ཀྱི་ཡོད་པ་རེད།