བདེ་ཆེན་ཁུལ་གྱིས་ཁམས་པའི་འཁོར་སྐར་བརྙན་འཕྲིན་དང་མཉམ་འབྲེལ་སྒོས་ལོ་སར་ལ་རིག་རྩལ་གྱ་ནོན་པ་ཕུལ་རྒྱུ་རེད
རིག་རྩལ་འཁྲབ་སྟོན་བྱེད་པ།
2011ལོའི་བོད་ལྕགས་མོ་ཡོས་ལོའི་ལོ་སར་སྐབས་སུ། རྒྱལ་ཡོངས་ཀྱི་ལྟ་མཁན་རྣམས་ལ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རིག་རྩལ་གྱ་ནོན་པ་ཞིག་གྲྭ་སྒྲིག་བྱས་ཡོད་ལ། སྤྱི་ཟླ3པའི་ཚེས4ཉིན་ནས་བཟུང་བོད་ལུགས་ལོ་སར་རོལ་འགོ་བརྩམས་རྒྱུ་ཡིན་པ་དང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ། བདེ་ཆེན་ཁུལ་སྲིད་གཞུང་གིས་སི་ཁྲོན་ཁམས་པའི་འཁོར་སྐར་བརྙན་འཕྲིན་དང་མཉམ་འབྲེལ་བྱས་ཏེ་སྒྲུབ་པའི་བོད་ལྕགས་མོ་ཡོས་ལོའི་ལོ་སར་དགོང་ཚོགས《བདེ་ལེགས་ཤམ་བྷ་ལ》ཞེས་པ་ཁམས་པའི་འཁོར་སྐར་བརྙན་འཕྲིན་དུ་གཏོང་རྒྱུ་རེད།
སྤྱི་ཟླ2པའི་ཚེས28ཉིན། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅུའུ། བདེ་ཆེན་ཁུལ་སྲིད་གཞུང་གི་ཁུལ་དཔོན་ཧོང་ཀྲུན་ཧོན་གཉིས་ལོ་སར་རིག་རྩལ་དགོང་ཚོགས་ཕབ་སྐྲུན་བྱེད་པའི་ཡུལ་དངོས་སུ་ཕེབས།
ལོ་སར་དགོང་ཚོགས་ཕབ་སྐྲུན་བྱས་པའི་ལེ་ཚན30ཡི་ནང་མང་ཆེ་བ་བདེ་ཆེན་ཁུལ་གྱིས་འདོན་སྤྲོད་བྱས་པ་ཡིན། དུས་ཚོད4ཡི་རིང་གི་འཁྲབ་སྟོན་ཁྲོད་བདེ་ཆེན་ཁུལ་གླུ་གར་ཚོགས་པའི་འཁྲབ་སྟོན་པ་རྣམས་ཀྱིས་ལྟ་མཁན་རྣམས་ལ《རྔ་སྒྲ》དང《ཇ་རྟའི་གནའ་ལམ》སོགས་ཞབས་བྲོ་འཁྲབ་པ་མ་ཟད། བདེ་ཆེན་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་འབའ་གཞས་དང་ཞབས་བྲོ། སྐོར་བྲོ་སོགས་སྲོལ་རྒྱུན་གྱི་སྒྱུ་རྩལ་ཡང་ལྟ་མཁན་རྣམས་ཀྱི་སྤྱན་ལམ་དུ་ཕུལ་བ་རེད།