《བཀའ་བསྟན་འགྱུར》ལེགས་སྐྱེས་སུ་འབུལ་བའི་མཛད་སྒོ།
《བཀའ་བསྟན་འགྱུར》།
2011ལོའི་ཟླ3པའི་ཚེས1ཉིན་གྱི་ཕྱི་དྲོར། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ཞང་ཀང་ཧིན་ཅུས་ཀྲུང་གོ་མ་འཇོག་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ངམ་སྙིང་རྗེ་རིག་གཞུང་སློབ་ཚོགས་ཀྱི་སློབ་དཔོན་ཆེན་མོ་ཝང་ལེན་ཀྲང་ལ་《བཀའ་བསྟན་འགྱུར》ལེགས་སྐྱེས་སུ་འབུལ་བའི་མཛད་སྒོ་སྤེལ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ལྷག་པ་ཕུན་ཚོགས་དང་སྤྱི་ཁྱབ་ལས་འཛིན་གཞོན་པ་ཡིའུ་ལུའོ་ཕིང་། དགེ་ལེགས། ལིའུ་ཡིས་ཧྭ་བཅས་ཚོགས་ཐོག་ཏུ་ཞུགས་པ་དང་། སྤྱི་ཁྱབ་ལས་འཛིན་གཞོན་པ་དགྲ་འདུལ་གྱིས་ཚོགས་འདུར་མདོ་འཛིན་གནང་། དགེ་རྒན་ཝང་ལེན་ཀྲང་ནི་སངས་རྒྱས་ཆོས་ལུགས་སོགས་བོད་ཀྱི་རིག་གཞུང་ལ་ཞིབ་འཇུག་བྱེད་རྒྱུར་སྤྲོ་བ་ཆེན་པོ་ལྡན་མཁན་ཞིག་རེད།
ཚོགས་ཞུགས་མི་སྣ།
ལེགས་སྐྱེས་འབུལ་བཞིན་པ།
(བོད་ཡིག་པར་གཞི)《བཀའ་བསྟན་》ལ་《བཀའ་འགྱུར་》དང་《བསྟན་འགྱུར་》གཉིས་སུ་དབྱེ་པ་དང་། དེ་ནི་སངས་རྒྱས་ཆོས་ལུགས་ཀྱི་བསྟན་བཅོས་གཙོ་གྲས་གཉིས་ཡིན་ལ། ཐེངས་འདི་ཞལ་འདེབས་སུ་དཔེ་བསྡུར་གྱི་བོད་ཏི232ལྷག་ཕུལ།(བོད་ཡིག་པར་གཞི)(དཔེ་བསྡུར་མའི)《བཀའ་བསྟན་འགྱུར》ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་མཁས་བརྒྱ་ལྷག་གིས་ལོ་ངོ་ཉི་ཤུའི་རིང་གཙོ་སྒྲུབ་བྱས་ནས་པར་དུ་སྐྲུན་པའི་རྒྱལ་ཁབ་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་རྣམ་གྲངས་གནད་ཆེ་ཞིག་ཡིན།