logo

གློག་བརྙན་ཐུང་ངུ《ཤེས་རབ་ཀྱི་མཛུམ་མདངས》ཞེས་པའི་ཕབ་སྐྲུན་བྱ་བ་མཇུག་སྒྲིལ་པ།

རྩོམ་པ་པོ།:རང་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-03-03 ཀློག་གྲངས།:


འཁྲབ་སྟོན་ཚོགས་པའི་མཉམ་པར།

            ཉེ་ལམ། པེ་ཅིང་དུ་སྡོད་པའི་བོད་རིགས་སློབ་མ་འགས་རྩ་འཛུགས་སྒོས་ཕབ་སྐྲུན་བྱས་པའི་གློག་བརྙན་ཐུང་ངུ《ཤེས་རབ་ཀྱི་འཛུམ་མདངས》ཞེས་པའི་ཕབ་སྐྲུན་དང་སྒྲིག་སྦྱོར་གྱི་བྱ་བ་ཡོངས་སུ་འགྲུབ་ནས་མི་རིང་བར་ལྟད་མོ་བའི་སྤྱན་ལམ་དུ་འབུལ་ལ་ཉེ་བ་རེད།


བརྙན་ཕབ་འགོ་བརྩམས་པ།

            བརྙན་ཐུང་དེ་རུ་གཞི་རིམ་གྱི་དགེ་རྒན་ཕལ་བ་ཤེས་རབ་ཟེར་བ་ཞིག་ཉིན་གུང་གཉིད་དུ་ཡུར་རྗེས་སུའང་སེམས་ནས་སློབ་མ་ཚོ་འདོར་མ་ཐུབ་པར། ད་དུང་སློབ་མ་དང་འབྲེལ་བ་ཡོད་པའི་དོན་དག་རྐྱང་རྐྱང་རྨི་ལམ་དུ་འཁོར་བའི་གཏམ་རྒྱུད་ཐུང་ངུ་ཞིག་བརྗོད་བྱར་བཟུང་ཡོད་འདུག


སློབ་ཁང་ནང་དུ་བརྙན་ཕབ་བཞིན་པའི་ཚུལ།

            འདིའི་ནང་སྐལ་བཟང་སྦྱིན་པ་དང་། ཚེ་དབང་ཆོས་འཕེལ། ཏཱ་རེ་སྐྱིད། བཀྲ་ཤིས། ཡོན་ཏན་རྒྱལ་མཚན། རྡོ་རྗེ་ཚེ་བརྟན་སོགས་ཀྱིས་བརྙན་འཕྲིན་འཁྲབ་སྟོན་བྱས་ཤིང་།   པེ་ཅིན་སྟག་ལོ་བ་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་ཟི་དང་རྨ་ཆུའི་པི་ཝང་འབྲུག་མགོ་སྒྲ་བརྙན་ལས་སྒྲུབ་ཁང་གཉིས་ཀྱིས་ཕབ་སྐྲུན་སོགས་ཀྱི་བྱ་འགན་བཞེས།  ལྷ་མོ་ཚེ་བརྟན་དང་། དཔལ་རྩལ་གཉིས་ཀྱིས་སྤྱིའི་ཇུས་འགོད་དང་།  དཔལ་རྩལ་དང་། ལྷ་མོ་ཚེ་བརྟན་གཉིས་ཀྱིས་འཁྲབ་ཁྲིད་པ།  དཔལ་རྩལ་གྱིས་འཁྲབ་གཞུང་བརྩམས་པ།  འཇམ་དབྱངས་དབང་ཕྱུག་གིས་བརྙན་ཕབ་པ། སངས་རྒྱས་སྐྱབས་ཀྱིས་སྒྲ་ཕབ་དང་སྒྲ་སྡེབ།  སྒྲིག་སྦྱོར་བཅས་ཀྱི་བྱ་སྒྲུབ་མཛད། འཇམ་དཔལ་ཚེ་རིང་དང་རྡོ་རེད་སོགས་ཀྱིས་དབྱངས་བརྩམས་ལ།  བློ་བཟང་གིས་མཛེས་རིས་ཀྱི་འགན་བླངས་པ། ཡུའུ་ཆན་གྱིས་དབྱིན་ཡིག་ལ་བསྒྱུར་པ་དང་།  བཀྲ་ཤིས་ཀྱིས་རྒྱ་ཡིག་ལ་བསྒྱུར་པ།  ཧུའུ་ཏུང་།   ཝང་ཅན་མེན་གཉིས་རླངས་འཁོར་ཁ་ལོ་བའི་འགན་བཞེས་པ་རེད། 


ཕྱི་རུ་བརྙན་ཕབ་བཞིན་པའི་ཚུལ།

            བརྙན་ཐུང་འདི་ཆེད་དུ་ཆེད་ལས་ཀྱི་བརྙན་ལེན་པ་དང་སྒྲ་ལེན་པ། སྒྲིག་སྦྱོར་བ་སོགས་གདན་དྲངས་ནས་བཟོས་པ་ཡིན་ལ།  སྐར་མ་བཅུ་ལྷག་གི་ལྟད་མོ་ཐུང་ངུ་འདིར་དུས་ཡུན་ཟླ་ཕྱེད་ལྷག་གི་ངལ་བ་སྤྱད་ཡོད་པས་གློག་བརྙན་ལ་མོས་པ་ཡོད་པའི་སྤུན་ཟླ་ཚོའི་དགྱེས་རྟེན་ཡོང་ངེས།


འབྲེལ་ཡོད་འོས་སྦྱོར།