logo

མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱིས་ལེགས་ལྡན་ཐོན་ཁུངས་ཀྱི་སྒུལ་ཤུགས་ཕན་ནུས་ཆེ་རུ་བཏང་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། དུས་ཚོད།:2011-03-03 ཀློག་གྲངས།:

            མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱིས“གནས་བཞི་དང་།ཁུལ་གཉིས།ལམ་ཐིག་གཅིག”བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་ཀྱི“སྒུལ་ཤུགས”ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་ནས་འགོ་བཙུགས་ཏེ་རྣམ་གྲངས་འཛུགས་སྐྲུན་དང་སྤུས་རྟགས་གཏོད་རྒྱུ་གཉིས་ལ་དམིགས་ནས་མཛེས་ལྗོངས་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་དེ་ཚན་རྩལ་ཅན་དང་།རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་དེ་སྣོད་བཅུད་ཅན།སྤུས་རྟགས་གཏོད་རྒྱུ་དེ་རྒྱལ་སྤྱི་ཅན།ཡུལ་སྐོར་སྤྲོ་འཆམ་གྱི་ཁོར་ཡུག་རང་བྱུང་ཅན།ཡུལ་སྐོར་ཐོན་ཟོག་རང་གཤིས་ཅན།དོ་དམ་ཞབས་ཞུ་མི་གཤིས་ཅན་བཅས“ཅན་དྲུག”གི་འདུ་འགོད་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་རེད།
            མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་རྣམས་ཞིང་ཆེན་ཡོངས་ཀྱི་སྣོད་བཅུད་ཡུལ་སྐོར་སྤྲོ་འཆམ་དང་དེང་རབས་འབྲོག་ལས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་དུ་བསྐྲུན་རྒྱུ་དེ་ནི་མཚོ་སྔོན་གྱི“གནས་བཞི་དང་།ཁུལ་གཉིས།ལམ་ཐིག་གཅིག”བཅས་ཀྱི་འཕེལ་རྒྱས་འཐབ་ཇུས་ཁྲོད་ཀྱི་གལ་ཆེའི་ཐབས་ཇུས་ཤིག་རེད།འཕེལ་རྒྱས་ཀྱི་བཀོད་སྒྲིག་གསར་པའི་ཁྲོད་ཀྱི་གལ་ཆེའི་སྲོག་ཤིང་གི་གྲས་ཤིག་དང་མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་སྤྲོ་འཆམ་གྱི་སྣེ་འདྲེན་ཞིག་ཡིན་པའི་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱིས་ས་ཁོངས་ཀྱི་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུར་ཁྱབ་འགྱེད་དང་སྣེ་འཁྲིད་བྱས་པ་དང་ས་མཐོའི་ཡུལ་སྐོར་སྤྲོ་འཆམ་གྱི་གྲགས་ཅན་ཞིང་ཆེན་འཛུགས་སྐྲུན་གོང་འཕེལ་ཐད་སྣེ་འཁྲིད་རྒྱུར་ཕྱོགས་གཉིས་ཀྱི་ཤུགས་རྐྱེན་ཕོག་ཤུགས་ལྡན་ཡོད་པ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ“ཅན་དྲུག”གི་འདུ་འགོད་འཛུགས་སྐྲུན་ཁྲོད་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་གྱིས་ཕྱོགས་མང་པོ་ནས་མ་དངུལ་གྲབས་གསོག་དང་མ་དངུལ་བཏང་ནས་རྒྱལ་ཁབ་ཀྱི5Aརིམ་པའི་མཛེས་ལྗོངས་ཁུལ་བསྐྲུན་རྒྱུ་གོ་སྐབས་དང་སྒུལ་ཤུགས་སུ་བྱས་ནས་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན་བསྐྲུན་རྒྱུ་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་ཁྱད་ཆོས་ལྡན་པ་དང་བྲིན་ཁ་རྒྱུག་པའི་ཡུལ་སྐོར་ཐོན་ཟོག་གསར་སྤེལ་བྱེད་པ་དང་།ཆུ་ཐོག་དང་།སྐམ་ཐོགམཁའ་ཐོག་བཅས་ཀྱི་སྤྲོ་གསེང་རོལ་རྩེད་རྣམ་གྲངས་ཕུན་སུམ་ཚོགས་སུ་གཏོང་བ།དུས་སྟོན་དང་།དྲ་སྦྲེལ།འགྲན་རྩོད་སོགས་དྲིལ་བསྒྲགས་དང་གཉེར་འཚོང་བྱ་ཤུགས་ཆེ་རུ་གཏོང་བ།སྤུས་རྟགས་ཆེན་པོས་རྒྱལ་སྤྱིར་སྐད་གྲགས་ཆོད་ཚད་དང་འབོད་སྐུལ་བྱ་ཤུགས་ཆེ་རུ་གཏོང་བ།“མཛེས་ལྗོངས་ཁུལ་ཐུན་མོང་ཐོག་བསྐྲུན་པའི”བྱེད་སྒོར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མང་ཚོགས་ཁྲིད་སྟོན་དང་སྣེ་འཁྲིད་ཀྱིས་གོ་རིམ་ལྡན་པའི་ངང་ཡུལ་སྐོར་གཉེར་སྐྱོང་བྱེད་པ་དང་མཚོ་སྔོན་པོའི་ཡུལ་སྐོར་སྤྲོ་འཆམ་གྱི་རྣམ་པ་བསྒྱུར་བ་དང་རིམ་པ་མཐོ་རུ་འགྲོ་རྒྱུར་སྐུལ་མ་མགྱོ གས་མྱུར་གཏོང་རྒྱུ་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།