logo

འབྲས་སྤུངས་དགོན་པས་ལོ་གསར་ལ་བསུ་བ་ཞུ་བའི་མཉམ་སྤྲོའི་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ལྗོངས་རླུང་འཕྲིན། དུས་ཚོད།:2011-03-02 ཀློག་གྲངས།:

            བོད་ལྕགས་ཡོས་ལོའི་ལོ་གསར་འཆར་ཉེར་ཡོད་པའི་སྐབས་སུ་འབྲས་སྤུངས་དགོན་པས་ཉེ་དུས་ལོ་གསར་ལ་བསུ་བ་ཞུ་བའི་མཉམ་སྤྲོའི་ཚོགས་འདུ་འཚོགས་ཏེ་བོད་ཀྱི་སྲོལ་རྒྱུན་ལོ་གསར་ལ་རྟེན་འབྲེལ་ཞུས་པ་རེད། 
             ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་འགྱུར་པུའི་པུའུ་ཀྲང་ཆེ་དགྲ་ལྷ་དང་། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝུའུ་ཅིན་ཧུའེ་རྣམ་གཉིས་མཉམ་སྤྲོའི་ཚོགས་འདུར་ཕེབས་ཡོད་པ་རེད།
            རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་རིང་གིས་མཉམ་སྤྲོའི་ཚོགས་འདུའི་ཐོག་ཤིས་ཚིག་གསུང་སྐབས། ལོ་གསར་པའི་ནང་ང་ཚོས་ངེས་པར་ཏུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་བརྟན་འགོ་ཁྲིད་འོག ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོ་མུ་མཐུད་གཏིང་ཟབ་སྤེལ་ཏེ་ཐོབ་པའི་གྲུབ་འབྲས་སྲ་བརྟན་གཏོང་དགོས་པ་དང་། ནང་དོན་དང་རྣམ་པ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་མུ་མཐུད་སློབ་སྦྱོང་གཏིང་ཟབ་བྱས་ནས། རྒྱ་ཆེའི་དགེ་འདུན་པས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་དང་རྒྱལ་ཁབ་ཀྱི་འདུ་ཤེས། ཁྲིམས་ལུགས་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས་བཅས་བརྟན་པོ་བཙུགས་ཏེ་འབྲས་སྤུངས་དགོན་པ་འདི་ཉིད་ནང་བསྟན་རིག་གནས་རྒྱུན་འཛིན་དང་། རྒྱལ་གཅེས་ཆོས་གཅེས། རྒྱལ་སྐྱོང་འགྲོ་ཕན་བཅས་བྱེད་པའི་དགོན་སྡེ་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་གསུངས།


འབྲེལ་ཡོད་འོས་སྦྱོར།