logo

སྐབས་དང་པོའི་དགུན་དུས་རྨ་ཆུར་རྐྱལ་བའི་ཧྲག་རྩལ་འགྲན་བསྡུར་འགོ་བརྩམས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-02-28 ཀློག་གྲངས།:


འཁྲབ་སྟོན་པས་མཛད་སྒོའི་སྟེང་འཁྲབ་སྟོན་བྱེད་ཀྱི་ཡོད་པ།

            ཟླ2པའི་ཚེས26ཉིན།   སྐབས་དང་པོའི་དགུན་དུས་རྨ་ཆུར་རྐྱལ་བའི་ཧྲག་རྩལ་འགྲན་བསྡུར་གྱི་མཛད་སྒོ་དེ་ཁྲི་ཀའི་རྨ་འགྲམ་དུ་བསྡུས་ཤིང་།  རྒྱལ་ཁབ་ཀྱི་ལུས་རྩལ་ཕྱོགས་བསྡུས་ཅུའུ་ཡི་ཆུར་རྐྱལ་ལུས་རྩལ་དོ་དམ་ལྟེ་གནས་དང་།  ཀྲུང་གོའི་ཆུར་རྐྱལ་ལྷན་ཚོགས།  མཚོ་སྔོན་ཞིང་ཆེན་ལུས་རྩལ་ཕྱོགས་བསྡུས་ཅུའུ།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་གནང་བ་རེད། 


བོད་རིགས་གླུ་བ་ཞིག་གིས་གླུ་དབྱངས་ལེན་བཞིན་པ།

            འདི་ནི་ཐོག་དང་པོར་དགུན་དུས་སུ་སྤེལ་བའི་རྨ་ཆུར་རྐྱལ་བའི་འགྲན་བསྡུར་ཞིག་ཡིན་ལ།  རྒྱལ་ཡོངས་ནས་སླེབས་པའི་རུ་ཁག12ཀྱི་ལུས་རྩལ་པ་དང་།  དེར་སྤྲོ་བ་འཁོལ་བའི་མི་རྣམས་དགུན་དུས་རྨ་ཆུར་རྐྱལ་ཏེ་ཤུགས་དྲག་སྒོས་ཧྲག་རྩལ་འགྲན་བསྡུར་བྱས་པ་རེད།


འབྲེལ་ཡོད་འོས་སྦྱོར།