ཡུས་ཧྲུའུ་ཡི་གློག་དྲ་སླར་གསོ་བསྐྱར་འཛུགས་བཟོ་སྐྲུན་མུ་མཐུད་བསྐྱར་ལས་བྱེད་ལ་ཉེ་བ།
རྩོམ་པ་པོ།:གཡང་འབུམ་རྒྱལ།
ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན།
དུས་ཚོད།:2011-02-27
ཀློག་གྲངས།:
ཡུས་ཧྲུའུ་ཡི་གློག་དྲ་སླར་གསོ་བསྐྱར་འཛུགས་ཀྱི་ཚབ་མཚོན་རང་བཞིན་གྱི་བཟོ་སྐྲུན་ཏེ། སྐྱེ་རྒུ་གྲོང་བརྡལ་གྱི་ཆན་ཧྥུའུ་བརྒྱ་དང་བཅུ་ཅན་གྱི་གློག་བསྒྱུར་ས་ཚིགས་དེ་ཟླ་གསུམ་པའི་ཚེས15ཉིན་མུ་མཐུད་བསྐྱར་ལས་མགོ་བྱེད་རྒྱུ་ཡིན་པ་དང་། སྔོན་གྱི་འཆར་གཞི་ལས་ཟླ་གཅིག་གིས་སྔ་ལ། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ཡུལ་དངོས་བཀོད་འདོམས་པུའུ་ཡི་བྱ་བའི་བཀོད་སྒྲིག་ལྟར། ད་ལྟ། ཡུས་ཧྲུའུ་གློག་དྲ་གྲ་སྒྲིག་འཛུགས་སྐྲུན་ཀུང་ཟི་ཡིས་འབད་བརྩོན་ཆེན་པོས་ཡུས་ཧྲུའུ་གློག་དྲའི་ས་འགུལ་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་བྱ་བ་ཧུར་ཐག་གིས་སྤེལ་ཏེ། སྐྱེ་རྒུ་གྲོང་བརྡལ་གྱི་གློག་དྲའི་ཇུས་འགོད་དང་བཟོ་སྐྲུན་སྔོན་གྱི་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་བཞིན་ཡོད།
ཡུས་ཧྲུའུ་ཡི་གློག་དྲ་སླར་གསོ་བསྐྱར་འཛུགས་བྱེད་པའི་བཟོ་སྐྲུན་ཁྲོད་དུ། ཆན་ཧྥུའུ་བརྒྱ་དང་བཅོ་ལྔ་ཅན་དང་ཆན་ཧྥུའུ་སོ་ལྔ་ཅན་གྱི་ལྟ་ཞིབ་དོ་དམ་དང་དངོས་རྫས། བཟོ་སྐྲུན་སོགས་ཀྱི་ལྷུ་ལག་གཙོ་བོའི་ཚོང་འགུག་དངུལ་འདྲེན་བྱ་བ་ད་ལྟ་ཚང་མ་བདེ་བླག་ཡིན་པ་དང་། ཚད་གཞི་གཏན་ལ་ཕབ་རྗེས་ཟླ་བཞི་བའི་ཚེས་བཅོ་ལྔ་ཡས་མས་སུ་ལས་མགོ་རྩོམ་རྒྱུ་རེད།
ཡུས་ཧྲུའུ་གློག་དྲ་གྲ་སྒྲིག་འཛུགས་སྐྲུན་ཀུང་ཟི་ཡི་སྤྱི་ཁྱབ་ཅིན་ལི་གཞོན་པ་བང་ཞན་ཧྲོན་གྱིས་བཤད་རྒྱུར། ད་ལྟ། ཡུས་ཧྲུའུ་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ཡུལ་དངོས་བཀོད་འདོམས་པུའུ་ཡི་བྱ་བའི་བཀོད་སྒྲིག་ཁྲོད། སྐོར་ཐེངས་གཉིས་པར་སླར་གསོ་བསྐྱར་འཛུགས་བྱེད་པའི་སྡེ་བ་བརྒྱ་དང་བརྒྱད་ལ་གློག་འདོན་སྤྲོད་བྱེད་པའི་ཇུས་འགོད་བྱ་བ་ལས་བརྒྱ་ཆའི་བརྒྱད་ཅུའི་ཇུས་འགོད་རི་མོ་གཞི་ནས་ལེགས་གྲུབ་བྱུང་ཡོད་པ་དང་། མི་འགྱང་བར་ཞིང་ཆེན་གློག་ཤུགས་ཀུང་ཟི་དང་ཇུས་འགོད་དང་རོགས་འཛུགས་ལས་ཁུངས་གསུམ་གྱིས་མཉམ་འབྲེལ་བྱས་ཏེ། འཛུགས་སྐྲུན་སྔོན་གྱི་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་ཞིང་མགྱོགས་པའི་སྒོ་ནས་བསྒྲུབ་རྒྱུ་ཡིན་ཟེར།

འབྲེལ་ཡོད་འོས་སྦྱོར།