logo

མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་སྐབས་གསུམ་པའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་པེ་ཅིན་ནས་ཚོགས་པ།

རྩོམ་པ་པོ།:རྡོ་རྗེ་བསམ་འགྲུབ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2011-02-26 ཀློག་གྲངས།:


ཁྱབ་སྤེལ་ཚོགས་འདུའི་ཡུལ་དངོས།

            ཟླ2པའི་ཚེས24ཉིན། 2011ལོའི་མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་གྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་པེ་ཅིན་ནས་སྤེལ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། སྙན་ངག་པ། མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་གྱི་ཀྲུའུ་ཞི་ཅི་ཏེ་མ་ཅ་ཡིས་ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཐག་གཅོད་ལྟར2011ལོའི་ཟླ8པའི་ཚེས7ཉིན་ནས་ཚེས12ཉིན་མཚོ་སྔོན་གྱིས2011ལོའི་མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་སྐབས་གསུམ་པ་སྤེལ་རྒྱུ་ཁྱབ་བསྒྲག་བྱས།


2011ལོའི་མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་སྐབས་གསུམ་པའི་གསར་འགྱུར་
ཁྱབ་སྤེལ་ཚོགས་འདུ་པེ་ཅིན་ནས་ཚོགས་པ།

            2011ལོའི“མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན”སྐབས་གསུམ་པའི་བྱ་འགུལ་དེ་འགོ་རྩོམ་མཛད་སྒོའམ་མཐོ་རིམ་རིག་གནས་གླེང་སྟེགས་དང་། སྙན་ངག་པའི་ཡུལ་དངོས་ནས་རྒྱུ་ཆ་འཚོལ་སྡུད་གསར་རྩོམ་བྱེད་པ། སྙན་ངག་གྱེར་འདོན། གསེར་གཙོད་རྒྱལ་སྤྱིའི་སྙན་ངག་བྱ་དགའ་སྟེར་བའི་མཛད་སྒོ། སྙན་ངག་རོལ་དབྱངས་གླུ་ལེན་ཚོགས་འདུ་སོགས་ཀྱི་གྲུབ་ཡོད། སྐབས་དེར་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ60ལྷག་ནས་ཡོང་བའི་དེང་རབས་ཀྱི་མིང་གྲགས་ཆེ་བའི་སྙན་ངག་པ200ལྷག་མཚོ་སྔོན་དུ་ཐེངས་འདུའི་སྙན་ངག་དུས་ཆེན་ལ་ཞུགས་རྒྱུ་རེད།


ལི་ཐའོ་ཝན་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ལིས་ན་ཨན་ཐ་ན་ཝེ་ཆེ་ཉེ་ཡིས་གཏམ་བཤད་བཞིན་པ།


ཐེངས་འདིའི་བྱ་འགུལ་གྱིས་སྨྱན་བྱེད་པ་མང་པོ་བཀུགས་པ།

            ཅི་ཏེ་མ་ཅ་ཡིས་མཚམས་སྦྱོར་བྱེད་རྒྱུར། ཐེངས་འདིའི་སྙན་ངག་དུས་ཆེན་གྱིས“རྒྱལ་སྤྱིའི་རིག་གནས་བརྗེ་རེས་འོག་རིགས་སོ་སོའི་མི་རིགས་སྐད་ཡིག་གི་ཁྱད་པར་དང་སྙན་ངག་ལོ་ཙྰའི་གསར་རྩོམ”བརྗོད་དོན་བྱས་ཏེ། གོ་ལ་ཧྲིལ་བོ་ཅན་གྱི་རྒྱབ་ལྗོངས་འོག་སྙན་ངག་སྒྱུ་རྩལ་གྱི་འདྲ་ས་དང་སྐད་ཆའི་རིག་གནས་ཀྱི་མི་རིགས་ཀྱི་མི་འདྲ་སར་ཞིབ་སྡུར་བྱས་ཏེ། ཚན་རིག་གི་བྱེད་སྟངས་དང་གསར་སྐྲུན་གྱི་སྙིང་སྟོབས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་འཛམ་གླིང་རིག་གནས་བརྗེ་རེས་ལ་སྐུལ་འདེད་གཏོང་རྒྱུ་ཡིན།


འབྲེལ་ཡོད་འོས་སྦྱོར།