logo

གངས་ལྷ་མེ་ཏོག་བུ་མོ་སྤུན་གསུམ་གྱི་ཆེད་སྒྲིག་གླུ་གཞས་ཀྲུང་དབྱང་བརྙན་འཕྲིན་ལེ་ཚན་ནས་གཏོང་རྒྱུ་རེད།

རྩོམ་པ་པོ།:ཚེ་བཀྲ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་། དུས་ཚོད།:2011-02-25 ཀློག་གྲངས།:


གངས་ལྷ་མེ་ཏོག་བུ་མོ་སྤུན་གསུམ།

            ལུགས་གསར་གྱི་ཟླ3ཚེས23ཉིན་གྱི་དགོང་མོའི་དུས་ཚོད9:40སྟེང་། ཀྲུང་དབྱང་བརྙན་འཕྲིན་ཁང་གི་དམངས་གླུ་ཀྲུང་གོ་ཞེས་པའི་ལེ་ཚན་ནང་གངས་ལྷ་མེ་ཏོག་བུ་མོ་སྤུན་གསུམ་ཚན་སྡེབ་ཀྱི་དུས་ཡུན་སྐར་མ་སུམ་ཅུའི་ཆེད་སྒྲིག་གླུ་གཞས་འཁྲབ་ལེན་གྱི་ལེ་ཚན་ཞིག་བསྒྲུབ་རྒྱུ་རེད།


གངས་ལྷ་མེ་ཏོག་བུ་མོ་སྤུན་གསུམ།

            གངས་ལྷ་མེ་ཏོག་བུ་མོ་སྤུན་གསུམ་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་ནས་འཚར་ལོངས་བྱུང་བ་དང་། སྔ་རྗེས་སུ་ཁོ་མོ་ཚོ་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་བསྒྲུབས་པའི་གླུ་གར་སྤྲོ་ཚོགས་མང་པོ་ཞིག་ལ་ཞུགས་པར་མ་ཟད། སྤྱི་ལོ་ཉིས་སྟོང་ལྔ་ལོར། ཁོ་མོ་ཚོས་འཇར་པན་ནས་གླུ་ལེན་ཆེད་ཚོགས་བསྡུས་པ་དང་ཕྱི་ལོ་ཁོ་མོ་ཚོས་འཇར་པན་ནས་ཆེད་སྒྲིག་བརྙན་འཁོར་གསར་པ་འགྲེམ་སྤེལ་བྱས་པ་རེད། སྔ་ཕྱིར་ཁོ་མོ་ཚོ་ཧྥ་རན་སི་དང་པི་ལི་ཧྲི། ཁ་ན་ཏ། ཨ་མེ་རུ་ཀ  བུན་ཀི་ཧྭ་སོགས་རྒྱལ་ཁབ་ཏུ་བསྐྱོད་ནས་འཁྲབ་སྟོན་མང་པོ་བྱས་མྱོང་བ་རེད།

 


འབྲེལ་ཡོད་འོས་སྦྱོར།