logo

«མཛེས་སྡུག་གི་མཚོ་སྔོན»ཞེས་པའི་བརྙན་འཕྲིན་ཆེད་སྒྲིག་ལེ་ཚན་ལ་སྤྱི་ཚོགས་ལས་རིགས་སོ་སོས་དགའ་བསུ་ཐོབ་པ།

རྩོམ་པ་པོ།:བདེ་སྐྱིད་འཚོ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། དུས་ཚོད།:2011-02-24 ཀློག་གྲངས།:

            ཚེས19ཉིན་ནས་ཚེས23ཉིན་བར། ཀྲུང་དབྱང་བརྙན་འཕྲིན་ཁང་གི་རྒྱ་ཡིག་རྒྱལ་སྤྱིའི་འཕྲིན་ལམ(CCTV4)གྱི་ཀྲུང་གོར་བསྐྱོད་པ་ཞེས་པའི་ལེ་ཚན་ནང་དུ་བསྟུད་མར་དགོང་མ་ལྔ་ལ་བཏང་བའི་བསྟུད་འགོད་བརྙན་འཕྲིན་ཆེ་སྒྲིག་ལེ་ཚན་ཏེ། «མཛེས་སྡུག་གི་མཚོ་སྔོན»ཞེས་པར་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་ལས་རིགས་སོ་སོས་དགའ་བསུ་ཆེན་པོ་ཐོབ།
            ཚང་མས་གཅིག་མཐུན་གྱིས་བལྟས་ན། བསྟུད་འགོད་བརྙན་འཕྲིན་ཆེན་སྒྲིག་ལེ་ཚན་དེ་ལས་མཚོ་སྔོན་གྱི་མཛེས་སྡུག་ལྡན་པའི་མངའ་ཁོངས་དང་དེ་མིན་ལོ་རྒྱུས་རིང་མོ་དང་སྣ་མང་ཅན་གྱི་རིག་གནས། ཕུན་སུམ་ཚོགས་པའི་ཐོན་ཁུངས་བཅས་མཚོན་ཡོད་ལ། མཚོ་སྔོན་གྱི་སྐྱེ་ཁམས་དང་ཡ་མཚར་བའི་མཛེས་ལྗོངས་མཚོན་ཡོད་པ་དང་མཉམ་དུ། མཚོ་སྔོན་གྱི་རིགས་སོ་སོའི་བུ་བུ་མོ་ས་ཡ་ལྔ་ལྷག་གི་ཡིད་ཆེས་དང་གསར་གཏོད། གསར་སྐྲུན་བཅས་ཀྱི་མཚོ་སྔོན་གྱི་འདུ་ཤེས་ཡང་མཚོན་ཡོད་སྙམ།


འབྲེལ་ཡོད་འོས་སྦྱོར།