བོད་རིགས་གླུ་མ་ལྷ་སྒྲོན་ཕྱིའི་རྒྱལ་ཁབ་ཁག་ཏུ་འཁྲབ་སྟོན་བྱེད་ཀྱི་ཡོད་པ།

གླུ་མ་ལྷ་སྒྲོན་གྱིས་གླུ་ངག་གི་དབྱངས་རྟ་ལ་འགུག་བཞིན་པ།
2011ལོའི་ཟླ2ཚེས9ནས་ཟླ3ཚེས1བར། གླུ་མ་ལྷ་སྒྲོན་ལགས“གླིང་ལྔ་དཔྱིད་གསར་མཉམ་སྤྲོ”ཞེས་པའི་སྒྱུ་རྩལ་ཚོགས་པ་དང་ལྷན་དུ་ཨ་རིའི་སན་ཧྥུ་རན་སེ་སི་ཁོའོ་དང་། ལོའོ་སི་ཝི་གྷ་སི། ལོའོ་སི་ཨན་ཇེའོ་སི་སོགས་གྲོང་ཁྱེར7ལྷག་ལ་སླེབས་ཏེ་ཉིན22ལ་འཁྲབ་སྟོན་བྱེད་པ་ཡིན་ལ། དུས་སྐབས་འདིའི་ནང་། མོས་གཙོ་བོ《མཚོ་བོད་མཐོ་སྒང》དང་། 《བཀྲ་ཤིས་རྟེན་འབྲེལ》སོགས་བོད་ཀྱི་གླུ་གཞས་འགའ་བཏང་བ་རེད།

གླུ་མ་ལྷ་སྒྲོན་གྱིས་ཨ་རི་ནས་གླུ་གཞས་ཕུལ་བཞིན་པ།
རྒྱུས་ལོན་བྱས་པ་ལྟར་ན། ཁོ་མོ་ཀྲུང་གོའི་ན་གཞོན་སྒྱུ་རྩལ་པའི་ཚབ་བྱས་ཏེ་ཡ་གླིང་དང་། ཡོ་རོབ་གླིང་། གླིང་ཆེན་ཨ་མའི་རི་ཁ་སོགས་ཀྱི་རྒྱལ་ཁབ་གང་མང་དུ་མཛའ་བརྩེའི་འཚམས་འདྲི་གནང་བ་མ་ཟད། ཕྱི་སྡོད་བ་རྣམས་ལ་ལྷག་བསམ་རྣམ་དག་སྒོས་དགའ་སྤྲོའི་གླུ་གཞས་ཕུལ་པ་རེད།
