logo

བོད་ལྗོངས་ཡོངས་ཀྱི་ལྷད་མེད་དྲ་བ་ཁང་ཐོག་མ་དེ་སྟག་རྩེ་རྫོང་དར་རྒྱས་ཤང་དུ་བཙུགས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ལྗོངས་རླུང་འཕྲིན་དྲ་བ། དུས་ཚོད།:2011-02-21 ཀློག་གྲངས།:
            བོད་ལྗོངས་ཡོངས་ཀྱི་ལྷད་མེད་དྲ་བ་ཁང་ཐོག་མ་དེ་སྤྱི་ཚེས19ཉིན་སྟག་རྩེ་རྫོང་དར་རྒྱས་ཤང་དུ་བཙུགས་པ་རེད།  བོད་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ་བོད་ལྗོངས་ཤེས་དཔལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། སྤྱི་ཚོགས་ཚན་རིག་ཁང་གི་དབུ་འཛིན་པད་མ་རྣམ་རྒྱལ་གྱིས་ལྷད་མེད་དྲ་བ་ཁང་གི་དར་ཡོལ་ཕྱེ་གནང་བ་རེད།
            ཤེས་རྟོགས་བྱས་པར་གཞིགས་ན།  ལྷད་མེད་དྲ་བ་ཁང་དེ་སྤྱི་ཚོགས་ཐོག་གི་ཚོང་གཉེར་རང་བཞིན་གྱི་དྲ་བ་ཁང་དང་མི་འདྲ་བར་དེ་གར་ཞིང་འབྲོག་མང་ཚོགས་ཀྱིས་རིན་སྤྲོད་མི་དགོས་པར་སྤྱི་ཕན་ཞབས་ཞུ་ལོངས་སྤྱོད་ཐུབ་རྒྱུ་རེད།  ལྷད་མེད་གློག་ཀླད་ཀྱིས་ནང་དོན་མི་ལེགས་པའི་ཆ་འཕྲིན་རྣམས་རང་བཞིན་དུ་དོར་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་དུས་ཐོག་ཏུ་སྤྱི་ཚོགས་གོང་འཕེལ་དང་ཐོན་སྐྱེད་དང་འཚོ་བ་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ཆ་འཕྲིན་ཤེས་རྟོགས་ཐུབ་རྒྱུ་མ་ཟད།  ཞིང་འབྲོག་མང་ཚོགས་སྐྱོན་བྲལ་ངང་དྲ་བའི་ནང་ཞུགས་ཐུབ་རྒྱུ་ཡིན་པ་རེད།
            དར་ཡོལ་ཕྱེ་བའི་མཛད་སྒོའི་ཐོག་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་འབྲེལ་ཡོད་འགན་འཁུར་བས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ལྷད་མེད་དྲ་བ་ཁང་དེར་བརྟེན་ནས།  དུས་ཐོག་ཏུ་ཏང་གི་མཛད་ཕྱོགས་སྲིད་ཇུས་དང་དམངས་ཕྱུག་དམངས་ཕན་སྲིད་ཇུས་ཤེས་རྟོགས་བྱེད་པ་དང་མཐོང་རྒྱ་སྔར་བས་ཆེ་རུ་འགྲོ་བ་དང་ལྟ་བར་འགྱུར་ལྡོག་གཏོང་བ།  ཚན་རིག་རིག་གནས་ཤེས་བྱ་སློབ་སྦྱོང་བྱེད་པ།  བྱང་ཚད་མཐོ་རུ་གཏོང་བ།  ཚན་རིག་དང་མཐུན་པ་དང་སྐྱོན་བྲལ།  ཤེས་དཔལ་ལྡན་པ་བཅས་ཀྱི་འཚོ་བ་སྐྱེལ་སྟངས་ཆགས་པ་བཅས་བྱས་ནས་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་མ་གཏོང་བ་དང་ཡུལ་མིའི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས།  དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དེ་བས་ལེགས་པ་དང་དེ་བས་མགྱོགས་པོ་ཡོང་བ་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།


འབྲེལ་ཡོད་འོས་སྦྱོར།