logo

བོད་ལྗོངས་ལྷ་མོ་ཚོགས་པས་དུས་ཆེན་གསུམ་རིང་གི་འཚམས་འདྲིའི་འཁྲབ་སྟོན་བྱེད་སྒོ་སྤེལ་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ལྗོངས་རླུང་འཕྲིན་དྲ་བ། དུས་ཚོད།:2011-02-18 ཀློག་གྲངས།:
             ཉེ་དུས། རང་སྐྱོང་ལྗོངས་ལྷ་མོ་ཚོགས་པས་དུས་ཆེན་གསུམ་རིང་གི་འཚམས་འདྲིའི་འཁྲབ་སྟོན་བྱེད་སྒོ་ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་དོག་སྡེ་ཤང་དུ་སྤེལ་ནས། དོག་སྡེ་ཤང་གི་མང་ཚོགས་ལ་ལྷ་མོ་དང་གླུ་གར། སྟོད་གཞས། དགོད་བྲོའི་གཏམ་གླེང་། འཁྲབ་ཚན་ཐུང་ངུ་སོགས་ཕུན་སུམ་ཚོགས་པའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་པ་དང་། འཚམས་འདྲིའི་འཁྲབ་སྟོན་དེ་བཀྲ་ཤིས་གླུ་གར་ཞེས་པའི་ཁྲོད་དུ་མཇུག་སྒྲིལ་བ་རེད།
            ཤེས་རྟོགས་བྱས་པར་གཞིགས་ན། བོད་ཀྱི་ལོ་གསར་གྱི་སྔ་སྣུབ་ཏུ་ལྗོངས་གླུ་གར་ཚོགས་པ་དང་ལྗོངས་ལྷ་མོ་ཚོགས་པས། ད་དུང་རིག་རྩལ་འཁྲབ་སྟོན་ཚོགས་ཆུང་མང་པོ་སྒྲིག་འཛུགས་བྱས་ནས། ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་གཙང་རལ་གྲོང་ཚོ་དང་གྲ་གཞི་སྡེ་ཁུལ། གྲོང་ཁྱེར་ཉེ་འདབས་ཀྱི་ཤང་གྲོང་བརྡལ། བཟོ་གཏེར་ཁེ་ལས། སློབ་གྲྭ དཔུང་སྡེ་སོགས་ལ་འཚམས་འདྲིའི་འཁྲབ་སྟོན་བྱེད་རྒྱུ་རེད། ལོ་གསར་བཏང་རྗེས་རིག་རྩལ་རུ་ཁག་གིས་ད་དུང་ནག་ཆུ་ས་ཁུལ་གྱི་སོག་རྫོང་དང་འབྲི་རུ་རྫོང་སོགས་ལ་འཁྲབ་སྟོན་བྱེད་རྒྱུ་དང་། སྤྱི་ཟླ3པའི་ཚེས20ཉིན་འཁྲབ་སྟོན་མཇུག་སྒྲིལ་པ་རེད།


འབྲེལ་ཡོད་འོས་སྦྱོར།