མཚོ་ལྷོ་ཁུལ་དུ་དམངས་ཁྲོད་ཀྱི་གླུ་གར་སྤྲོ་ཚོགས་བསྡུས་ནས་ལོ་སར་གྱི་དཔལ་ལ་རོལ།
ཐང་སྐར་མ་གྲོང་རྡལ་གྱི་དམངས་ཁྲོད་གླུ་གར་ཚོགས་པས་ཨ་རྩེད་འཁྲབ་བཞིན་པ།
གནམ་ལོ་གསར་བའི་བཀྲ་ཤིས་ཉིན་མོ་འདི་དག་ལ། མཚོ་ལྷོ་ཁུལ་གྱི་རྫོང་དང་ཞང་གྲོང་སོ་སོ་ནས་གླུ་ལེན་གར་རྩེད་དང་། མདའ་འཕེན་འགྲན་བསྡུར་གྱི་བྱ་འགུལ་གང་མང་ཞིག་བསྡུས་ནས་རྒྱ་ཆེ་མང་ཚོགས་ཀྱི་ལོ་སར་དུས་ཆེན་ལ་དགའ་སྤྲོས་ཁེངས་འདུག
སྙན་མོ་ངག་གི་དྲུག་འགྱུར་ལས་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུ་བཞིན་པ།
རྒྱུས་ལོན་བྱས་པ་ལྟར་ན། གུང་ཧོ་རྫོང་གི་ཞང་གྲོང་སོ་སོ་ནས་ན་གཞོན་དག་རྩ་འཛུགས་བྱས་ནས་དམངས་ཁྲོད་ཀྱི་གླུ་གར་ཚོགས་པ་བཙུགས་པ་དང་། ཁོང་ཚོས་ཞབས་བྲོ་དང་། ཁ་ཤགས་སོགས་སྒྲིག་ནས་རྒྱ་ཆེ་ཡུལ་མི་རྣམས་ལ་ལོ་སར་གྱི་ལག་སྐྱེས་སུ་འབུལ་བཞིན་འདུག
ཞབས་བྲོ་འཁྲབ་བཞིན་པའི་གཞོན་ནུ་མ།
སྤྱི་ཟླ2པའི་ཚེས15ཉིན། མཚོ་ལྷོ་ཁུལ་གྱི་ལས་རྩལ་ར་བའི་ནང་མདའ་འཕེན་འགྲན་བསྡུར་གྱི་བྱ་འགུལ་སྤེལ་གྱིན་འདུག་ལ། གུང་ཧོ་རྫོང་ཐང་སྐར་མ་གྲོང་རྡལ་གྱི་ན་གཞོན་དག་གིས་ཞབས་བྲོ་དང་། རྡུང་ལེན། ཨ་རྩེད་སོགས་ཀྱི་འཁྲབ་སྟོན་གྱ་ནོམ་པ་ཞིག་གྲ་སྒྲིག་བྱས་ནས་རྒྱ་ཆེ་མང་ཚོགས་ལ་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། ལྟད་མོ་བ་ལྷན་རྒྱས་ཀྱིས་རྒྱན་གོས་གཟབ་འཆོར་སྤྲས་ནས་གླུ་གར་གྱི་ཀློང་ལས་ལྕགས་མོ་ཡོས་ལོའི་ལོ་སར་རོལ་བཞིན་འདུག
བྱིས་པ་ཆུང་ཆུང་དག་གི་གར་གྱི་སྟངས་སྟབས་ཀྱིས་ཀུན་གྱི་ཡིད་དབང་མེད་དུ་འཕྲོག