logo

མཚོ་སྔོན་པོ་ལྗོངས་ཁུལ་དུ་ལོ་སར་སྐབས་སུ་ཡུལ་སྐོར་བྱེད་མཁན་མང་དུ་ཕྱིན་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-02-16 ཀློག་གྲངས།:


མཚོ་སྔོན་པོའི་དར་ཐོག་ཡུལ་སྐོར།

            མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོང་དོ་དམ་ཅུའུ་ནས་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན།  ལོ་སར་སྐབས་སུ།  མཚོ་སྔོན་པོ་ལྗོང་ས་ཁུལ་དུ་ཡུལ་སྐོར་བྱེད་མཁན་མི300ལྷག་ལ་བསླེབས་ཤིང་། ཡུལ་སྐོར་བ་ཚོས་མཚོ་སྔོན་པོའི་རང་བྱུང་མཛེས་ལྗོངས་ཀྱི་ཉམས་སྣང་ལ་བག་བྲོ་བར་བྱེད་པ་དང་ཆབས་ཅིག་ཏུ།   མཚོ་སྔོན་པོའི་དར་ཐོག་བྱ་འགུལ་སྣ་ཚོགས་ལ་ཞུགས་ཏེ་སྤྲོ་སྐྱིད་ཀྱི་ཚོར་བ་ཟབ་མོ་མྱངས་པ་རེད།


མཚོ་སྔོན་པོའི་ངོགས་སུ་རྩེད་བཞིན་པའི་བྱིས་པ།

            མཚོ་སྔོན་ཞིང་ཆེན་གྱིས་ཐབས་ལམ་སྣ་ཚོགས་བཙལ་ཏེ་དགུན་དུས་ཀྱི་ཡུལ་སྐོར་ཐོན་ཁུངས་རྒྱ་བསྐྱེད་ཅིང་།   མཚོ་ཁའི་དར་དང་ཁ་བ་སོགས་ཀྱི་ཐོན་ཁུངས་དང་དུས་ཚིགས་རང་བཞིན་གྱི་ཁྱད་པར་ལ་གཞིགས་ཏེ།  ཡུལ་སྐོར་ལྗོངས་རྒྱུ་དང་།  སྐྱེ་ཁམས་ལྗོངས་རྒྱུ།  རིག་གནས་ལྗོངས་རྒྱུ་བཅས་བརྗོད་བྱ་གསུམ་མཉམ་སྤེལ་སྒོས་ཉམས་སྤྲོའི་བྱ་འགུལ་རབས་དང་རིམ་པ་སྤེལ་པ་རེད། 


ཕྱོགས་བཞི་མཚམས་བརྒྱད་ནས་བསླེབས་པའི་མགྲོན་པོ།

            ཆ་འཕྲིན་དང་དྲ་རྒྱ་སོགས་ཀྱི་མཉམ་འབྲེལ་སྟོབས་ཤུགས་བརྒྱུད་དེ།  མི་རྣམས་ཀྱིས་མཚོ་སྔོན་པོའི་དགུན་དུས་ཡུལ་སྐོར་ཐོན་ཁུངས་ལ་རྒྱུས་ལོན་བྱེད་པར་ནུས་པ་ཆེན་པོ་ཐོབ་ཅིང་། མཚོ་སྔོན་པོའི་དགུན་དུས་ཡུལ་སྐོར་བྱ་བར་འཕེལ་རྒྱས་མངོན་གསལ་ཐོན་གྱི་ཡོད། 


འབྲེལ་ཡོད་འོས་སྦྱོར།