གླུ་མ་དབྱངས་ཅན་ལྷ་མོར་ཀིའུ་ལེད་མཱེའི་གཟེངས་རྟགས་ཐོབ་པ།
མིང་དུ་གྲགས་པའི་གླུ་མ་དབྱངས་ཅན་ལྷ་མོ།
ཉེ་ལམ། སྐབས53བའི་ཀོའུ་ལེད་མཱེ་གླུ་གཞས་བྱ་དགའ་ཁྲོད། ཨ་རིའི་པོད་ལོ་བིན་ཐི་གླུ་ལེན་ཚན་སྡེའི《Miho: Journey To The Mountain》(མཐོན་པོ་རི་བོའི་འགྲུལ་བཞུད།)ཞེས་པར“ཆེས་ལེགས་པའི་དུས་རབས་གསར་བའི་ཆེད་བསྒྲིགས”བྱ་དགའ་ཐོབ་ཅིང་། བོད་རིགས་གླུ་མ་དབྱངས་ཅན་ལྷ་མོ་ནི་ཆེད་བསྒྲིགས་འདིའི་གསར་གཏོད་མཁན་གྱི་གྲས་ཡིན་ལ། མོས་བོད་ཆས་སྤྲས་ཏེ་གར་སྟེགས་སྟེང་དུ་ཀིའུ་ལེད་མཱེའི་དགའ་རྟགས་མཐོ་རུ་བཏེགས་པ་རེད།
ལོ་ཧྲན་ཅིའི་ཀྲུང་གོའི་སྨྱན་བྱེད་གསར་འགོད་པ་རྣམས་ཀྱིས་དབྱངས་ཅན་ལྷ་མོ་ལ་བཅར་འདྲི་བྱེད་དུས། མོས“བྱ་དགའ་འདི་ཐོབ་པར་རོགས་སྐྱོར་ཚད་མེད་གནང་མཁན་དག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་། ལྷག་པར་དུ་པོད་ལོ·ཝིན་ཐིའི་བཀའ་དྲིན་བསམ་གྱི་མི་ཁྱབ། གང་ལྟར་ངས་གོ་སྐབས་འདི་དང་བསྟུན་ཏེ་དགའ་བ་མཉམ་སྤྲོ་དང་འཛམ་གླིང་ཡོངས་ཀྱི་མི་རྣམས་རྟག་ཏུ་བདེ་སྐྱིད་ལྡན་པར་སྨོན།”ཞེས་བཤད།
བྱ་དགའ་ཐོབ་པའི་ཆེད་བསྒྲིགས་ལ་གླུ་གཞས20ལྷག་འདུས་ལ། དབྱངས་ཅན་ལྷ་མོས་བཏང་བ་ནི་གླུ་གཞས་ནི་ཨང8པ་སྟེ《བསམ་པ་ལྷུན་འགྲུབ་མ》ཞེས་པ་དེ་རེད།
རྒྱུས་ལོན་བྱས་པ་ལྟར་ན། དབྱངས་ཅན་ལྷ་མོ་ནི་ཐོག་དང་པོར་ཀིའུ་ལེད་མཱེ་བྱ་དགའ་ཐོབ་མཁན་གྱི་ཀྲུང་གོའི་གླུ་མ་ཁོ་ན་ཡིན་པ་དང་། ཁོ་མོས་ད་ལྟའི་བར་ཆེད་བསྒྲིགས་གླུ་གཞས་ཚར4འགྲེམས་སྤེལ་བྱས་ཤིང་། ཐེངས་གང་མང་ལ་རྒྱལ་ཁབ་ཕྱི་ནང་གི་འཁྲབ་སྟོན་བྱ་འགུལ་གལ་ཆེན་དུ་ཞུགས་མྱོང་བ་རེད།