logo

ལྷ་ས་རུ་དར་ཤིང་འཚོང་བའི་འགོ་བརྩམས་ཏེ་བོད་ལུགས་ལོ་གསར་ལ་སྟ་གོན་བྱེད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-02-12 ཀློག་གྲངས།:


སྟོད་ལུང་བདེ་ཆེན་གྱི་བོད་ལུགས་ར་སྐོར་ཞིག་གི་ཕྱི་རོལ་དུ་དར་ཤིང་འཚོང་གིན་ཡོད་པ།

            དཔྱིད་གསར་དུས་ཆེན་ད་དུང་མཇུག་མ་རྫོགས་བའི་དུས་འདིར།  ལྷ་སའི་ཕྱོགས་ཀྱི་མི་རྣམས་ཉིན20ལྷག་གི་རྗེས་ཀྱི་བོད་ལུགས་ལོ་གསར་ལ་བྲེལ་གྱི་ཡོད་པ་རེད།  བོད་ལུགས་ལོ་གསར་ལ་མཁོ་བའི་ཚོང་རྫས་དག་གཏུད་མར་ཚོང་རར་ཐོན་ཡོད་ཅིང་།  ཁྱད་པར་དུ་དར་ཤིང་གི་ཚོང་ཤུགས་ལེགས་པ་རེད།


རླངས་འཁོར་སྟེང་གི་དར་ཤིང་།

            དར་ཤིང་འདི་རྒྱུན་པར་བོད་མི་རྣམས་ཀྱིས་ལོ་འདིར་མི་ལ་ནད་མེད་ཚེ་རིང་དང་ཕྱུག་ལ་གོད་ཁ་མེད་པ།  ལོ་ལེགས་འབྱུང་ཤིང་བསམ་དོན་ལྷུན་གྱིས་འགྲུབ་པར་བཀྲ་ཤིས་སྨོན་འདུན་ཞུས་པར་སྤྱོད་ཀྱི་ཡོད་པ་རེད།  དར་ལྕོགས་ཀྱི་ཁ་མདོག་ལ་རིམ་པ་བཞིན་སྔོན་པོ་དང་།  དཀར་པོ།  དམར་པོ།  སྔོ་མདོག   སེར་པོ་བཅས་ཡིན་ཞིང་། རེ་རེས་གནམ་དང་རླུང་། མེ། ཆུ། ས་བཅས་འབྱུང་བ་བཞི་དང་གནམ་མཚོན་པ་རེད།  དར་ཤིང་ལོ་རེར་བརྗེ་འགྱུར་བྱེད་ཀྱི་ཡོད་པས།  ཏག་ཏག་ལོ་གསར་སྔོན་གྱི་ཚོང་རྫས་གལ་ཆེན་དུ་གྱུར་པ་རེད།


འབྲེལ་ཡོད་འོས་སྦྱོར།