logo

2011ལོའི་རྒྱལ་ཡོངས་བོད་གཞས་འགྲན་བསྡུར་ཐོག་མ་དེ་མཇུག་བསྒྲིལ་བ།

རྩོམ་པ་པོ།: རིན་སྤུངས། ཡོང་ཁུངས།:མཚོ་སྔོན་པོ་ཟིན་བྲིས། དུས་ཚོད།:2011-02-08 ཀློག་གྲངས།:


སི་ཁྲོན་བརྙན་འཕྲིན་ཁང་གིས་གཙོ་སྒྲུབ་མཛད་པའི་བོད་རིགས་གླུ་ཚོགས།

            སི་ཁྲོན་བརྙན་འཕྲིན་ཁང་གིས་གཙོ་གཉེར་བྱས་པའི་ཚངས་དབྱངས་གླུ་སྙན་རྒྱལ་ཡོངས་བོད་གཞས་འགྲན་ཚོགས་ཐེངས་དང་པོ་དེ་ཉིན་ལྔའི་འགྲན་བསྡུར་བྱས་པ་བརྒྱུད2011ལོའི་ཟླ2པའི་ཚེས7ཉིན་མཇུག་བསྒྲིལ་ཞིང་།  དེ་དང་ཆབས་ཅིག་ཏུ་བྱ་དགའ་ཨང་དང་པོ་དང་ཨང་གཉིས་པ།  ཨང་གསུམ་པ་བཅས་འདེམས་ཐོན་བྱུང་ནས་སོ་སོར་བྱ་དགའི་དངུལ་སྒོར་ཁྲི3དང་།  སྒོར་ཁྲི2། སྒོར་ཁྲི1བཅས་སྤྲད་པ་རེད།  
            ཐེངས་འདིའི་བྱ་དགའ་ཨང་དང་པོ་དེ་གླུ་མ་བསོད་ནམས་ལྷ་མོ་ལ་ཐོབ་པ་དང་།   བྱ་དགའ་ཨང་གཉིས་པ་དེ་གླུ་པ་ལན་ཀོའོ་ལ་ཐོབ་པ།   བྱ་དགའ་ཨང་གསུམ་པ་དེ་ན་གཞོན་གླུ་པ་བསོན་ནམས་དབང་ལྡན་ལ་ཐོབ་པ་རེད། 


འབྲེལ་ཡོད་འོས་སྦྱོར།