བཀྲ་ཤིས་དོན་གྲུབ་ཀྲུང་དབྱང་བརྙན་འཕྲིན་བྱིས་པའི་ལེ་ཚན་གྱི2011ལོའི་ལོ་སར་འདྲ་རིས་གླུ་ཚོགས་སུ་ཞུགས་པ།
གླུ་བ་བཀྲ་ཤིས་དོན་འགྲུབ་ཀྱིས་གླུ་གཞས་ཕུལ་བཞིན་པ།
ཉེ་ལམ། CCTVབྱིས་པའི་ལེ་ཚན་ནང་གདན་འདྲེན་ཞུས་པ་ལྟར། གླུ་བ་བཀྲ་ཤིས་དོན་གྲུབ2011ལོའི་ལོ་སར་གྱི་འདྲ་རིས་གླུ་ཚོགས་སུ་ཞུགས་ཏེ་ལེའུ52འདུས་པའི་ཁྱབ་ཆེ་བའི་མུ་འབྲེལ་བརྙན་འཕྲིན《ཆིན་ཧན་དཔའ་བོ》ཡི་བརྗོད་བྱའི་གླུ་གཞས《མེ་ཕུང་འབྲུག་ཆུ》ཞེས་པ་ལྷན་རྒྱས་ཀྱི་སྙན་ལམ་དུ་ཕུལ་པས། རྒྱ་ཆེ་བའི་བྱིས་པ་གཟིགས་མོ་བ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།
ལོ་གཉིས་ཀྱི་སྔོན་དུ། བཀྲ་ཤིས་དོན་གྲུབ་ཀྱིས་བརྙན་རིས《ན་གཞོན་ཏེའེ་རིན་ཅེ》ཞེས་པར་བརྗོད་བྱའི་གླུ་གཞས་བླངས་པ་རེད། མ་གཞི་ནས་འདྲ་རིས་བརྙན་འཕྲིན་སོགས་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་དོན་གྲུབ་ལ་མཚོན་ན་འདིའི་ཕྱོགས་ལ་རང་ཉིད་བཀོད་སྤྱོད་ཀྱི་རིན་ཐང་ཆེན་པོ་ཡོད་པ་སྨོས་མ་དགོས་བ་རེད། ཁོས་གསར་འགོད་པར་བཤད་རྒྱུར། བརྙན་རིས་ཀྱི་ལམ་ནས་ལོ་རྒྱུས་རིང་པོ་སླར་གསོ་བྱས་ན། བྱིས་པ་རྣམས་ལ་མཚོན་ན་ཆེས་ལེགས་པའི་སློབ་གསོའི་ཐབས་ལམ་ཞིག་ཀྱང་རེད་ཟེར།
རྒྱུས་ལོན་བྱས་པ་ལྟར་ན། ཉེ་ཆར་བཀྲ་ཤིས་དོན་འགྲུབ་ཧྲང་ཧེ་ལ་ཕྱིན་ཏེ་ཏུན་ཧྥང་བརྙན་འཕྲིན་གྱི་ལོ་སར་གླུ་གཞས་སྤྲོ་ཚོགས་སུ་ཞུགས་རྒྱུ་ཡིན་པ་དང་། CCTVབྱིས་པའི་ལེ་ཚན་གྱི2011ལོའི་ལོ་སར་འདྲ་རིས་གླུ་ཚོགས་ཀྱང་ལོ་སར་སྐབས་སུ་གཏོང་རྒྱུ་ཡིན་པ་རེད།