མཚོ་ལྷོ་ཁུལ་བྲག་དཀར་རྫོང་གི་སློབ་འབྲིང་སློབ་མའི་གླུ་གར་ལོ་སར་སྤྲོ་ཚོགས་སུ་ཚུད་པ།
《ལྷད་མེད་ཀྱི་སེམས་པ》ཞེས་པའི་གླུ་གཞས་ཕུལ་བཞིན་པ།
《རྒྱལ་ཁབ་ཀྱི་ཉེ་རིང་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་འཆར་འགོད》ལ་གཞིགས་ཏེ། 《སློབ་གྲྭའི་སྒྱུ་རྩལ་སློབ་གསོ་བྱ་བའི་སྒྲིག་ཁྲིམས》ལག་ལེན་མཐར་ཕྱིན་དང་། ཕྱོགས་ཡོངས་ནས་སྤུས་ཚད་སློབ་གསོ་ཡར་སྐུལ་བྱེད་ཅིང་། སློབ་རའི་རིག་གནས་འཛུགས་སྐྲུན་གོང་སྤེལ་དང་སྒྱུ་རྩལ་སློབ་གསོ་གསར་གཏོད་ཀྱི་འཕེལ་རྒྱས་ལམ་དུ་འདེངས་ཆེད། ཀྲུང་དབྱང་བརྙན་འཕྲིན་ཁང་དང་ཀྲུང་གོའི་སློབ་གསོ་བརྙན་འཕྲིན་ཁང་། ཀྲུང་དབྱང་སློབ་གསོ་ཚགས་པར། ཀྲུང་གོའི་སྒྱུ་རྩལ་ཚགས་པར་སོགས་ཀྱིས་རྒྱབ་སྐྱོར་ཚད་མེད་གནང་ཞིང་། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ཐབས་རྩ་ཚོགས་པ་དང་ཀྲུང་གོའི་སློབ་གསོ་རིག་ཚོགས། ཀྲུང་གོའི་སློབ་གསོ་བརྙན་འཕྲིན་ལྷན་ཚོགས་བཅས་མཉམ་འབྲེལ་སྒོས་གཙོ་སྒྲུབ་གནང་བ་དང་། ཀྲུང་གོ་མི་དམངས་རླུང་འཕྲིན་ཁང་དང་ཀྲུང་གོ་རྒྱང་བསྒྲགས་དྲ་བ། ཀྲུང་གོ་སྒྱུ་རྩལ་སློབ་གསོ་དྲ་བ་སོགས་ཀྱིས་རོགས་སྒྲུབ་གནང་བའི“མཛེས་སྡུག་སློབ་རའི”སྐབས་བཅུ་གཅིག་པའི་རྒྱལ་ཡོངས་སློབ་རའི་ལོ་སར་སྤྲོ་ཚོགས་དེ2011ལོའི་ཟླ1ཚེས23ཉིན་པེ་ཅིང་ནས་གཟབ་རྒྱས་ངང་ཚོགས་པ་རེད།
གསེར་གྱི་རྟགས་མ་ཐོབ་པ།
2011ལོའི་ཟླ1ཚེས26ཉིན། ཀྲུང་དབྱང་བརྙན་འཕྲིན་ཁང་དང་ཀྲུང་གོའི་སློབ་གསོ་བརྙན་འཕྲིན་ཁང་གིས་ཕབ་སྐྲུན་བྱས་པའི་བྱ་བ་བདེ་བླག་ངང་ལེགས་འགྲུབ་བྱུང་ཞིང་། རྒྱལ་ནང་ཕུལ་བྱུང་གི་བརྙན་འཕྲིན་རིག་རྩལ་བཟོ་སྐྲུན་ཚོགས་པ་དང་སྙན་གྲགས་མདོ་འཛིན་པ་རྣམས་ཀྱིས་ནུས་ཤུགས་གང་ཡོད་སྒོས་ལོ་སར་སྐབས་སུ་བརྙན་འཕྲིན་དང་རྒྱང་བསྒྲགས། དྲ་རྒྱ་སོགས་ཀྱི་ལམ་ནས་རྒྱ་ཆེ་བའི་གཟིགས་མོ་བ་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ་ཡིན་པ་རེད། འདི་ནི་ལོ་སར་སྐབས་སུ་ཆེས་རེ་སྒུག་བྱེད་འོས་པའི་སློབ་རའི་བརྙན་འཕྲིན་རྒྱས་ཚོགས་ཤིག་རེད།
གཟེངས་བསྟོད་དཔང་ཡིག
ཆེད་མཁས་དཔྱད་ཞིབ་ལྷན་ཚོགས་པས་དཔྱད་ཞིབ་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་ཀྲོད་ཤཱ་བཟོ་སྐྲུན་རྩ་འཛུགས་ལྷན་རྒྱས་ཀྱིས་མཚམས་སྦྱོར་དང་དཔལ་འབྱོར་གྱི་རྒྱབ་སྐྱོར་འོག མཚོ་སྔོན་ཁ་བ་ཅན་གློག་བརྙན་རྒྱུད་བསྒྲགས་ཚད་ཡོད་ཀུན་ཟི་ཡིས་སྒྲིག་འཁྲབ་དང་། མཚོ་སྔོན་བརྙན་འཕྲིན་ཁང་བོད་སྐད་ལྟེ་གནས་ཀྱིས་བདམ་ག་བྱས་པའི་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཆ་ཚང་མི་རིགས་སློབ་འབྲིང་གི་སློབ་གྲོགས་དཔལ་ལྡན་རྒྱལ་དང་དཔལ་བཀྲ་གཡང་སྐྱིད་གཉིས་ཀྱིས་སྙན་འཇེབས་དབྱངས་སུ་བཀུག་པའི《ལྷད་མེད་ཀྱི་སེམས་པ》ཞེས་པ་རྒྱལ་ཡོངས་རིག་རྩལ3000ལྷག་གི་འགྲན་རྩོད་ལ་ཞུགས་པ་མ་ཟད། རྒྱལ་ཡོངས་སྐབས་བཅུ་གཅིག་པའི་ལོ་སར་སྤྲོ་ཚོགས་སུ་ཚུད་ཅིང་རྒྱལ་ཡོངས་ན་གཟེངས་སུ་ཐོན་པའི་གསེར་གྱི་རྟགས་མ་བླངས་བ་རེད།