དཔའ་རིས་རྫོང་གིས་དཔའ་རིས་བོད་རིགས་ཀྱི་དམངས་གཞས་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།: མི་དམངས་ཉིན་རེའི་ཚགས་པར།
དུས་ཚོད།:2011-02-01
ཀློག་གྲངས།:
ཀན་སུའུ་ཞིང་ཆེན་དཔལ་རིས་བོད་རིགས་རང་སྐྱོང་རྫོང་དུ་ཉེ་ཆར་དཔའ་རིས་བོད་རིགས་ཀྱི་དམངས་གཞས་རྒྱུན་འཛིན་ནང་སྦྱོང་བྱེད་སྒོ་སྤེལ་བའི་ནང་དཔའ་རིས་བོད་རིགས་ཀྱི་དམངས་གཞས་སྒྱུ་རྩལ་པ11གིས་དེ་གར་འཁྲབ་སྟོན་བྱས་ཏེ་དཔའ་རིས་བོད་རིགས་ཀྱི་མངས་གཞས་ལ་དགའ་ཞེན་བྱེད་མཁན་གྱི་སློབ་མ་ཚོར་གཞས་ཚིག་དང་གཞས་གདངས་བསླབ་པ་རེད།
དཔའ་རིས་བོད་རིགས་ཀྱི་དམངས་གཞས་ནི་ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་དང་དེའི་ཉེ་འཁོར་ས་ཁུལ་དུ་དར་བའི་བོད་རིགས་ཀྱི་དམངས་གཞས་རྣམ་པའི་རིགས་ཤིག་ཡིན་པས་རྟེན་འབྲེལ་གསོལ་སྟོན་དང་ངོ་བོ་མི་འདྲ་བའི་འཚོ་བའི་འདུ་འཛོམས་སོགས་ཀྱི་ཁྲོད་དར་ཞིང་ནང་དོན་ཕུན་སུམ་ཚོགས་པ་དང་། མ་ལག་ཆ་ཚང་བ། དབྱེ་མཚམས་ཁ་གསལ་བཅས་ཀྱི་དམིགས་བསལ་གྱི་སྒྱུ་རྩལ་ཁྱད་ཆོས་ཀྱང་ལྡན་ཡོད་པས་རིག་གནས་ཀྱི་ཆ་འཕྲིན་མང་པོ་འདུས་ཡོད་པ་མ་ཟད་བརྒྱུད་སྤེལ་ཡང་བྱེད་བཞིན་ཡོད།
དཔའ་རིས་བོད་རིགས་རང་སྐྱོང་རྫོང་བོད་སྐད་ཡིག་ལས་དོན་གཞུང་ལས་ཁང་གི་གནས་བརྟན་ཚེ་རིང་གིས་ངོ་སྤྲོད་གནང་བར་གཞིགས་ན། རྒྱུན་འཛིན་ནང་སྦྱོང་གི་བྱེད་ སྒོའི་ཁྲོད་དཔའ་རིས་བོད་རིགས་དམངས་གཞས་ཀྱི་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་དཔའ་རིས་བསོད་ནམས་ཚེ་རིང་གིས་དཔའ་རིས་བོད་རིགས་དམངས་གཞས་ཀྱི་ལོ་རྒྱུས་ དང་། འབྱུང་ཁུངས། ཁྱད་ཆོས། རིག་གནས་ཀྱི་ནང་དོན་བཅས་རྒྱས་བཤད་གནང་བ་དང་ཚོགས་ཞུགས་མི་སྣ་དང་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་གཞན་གྱིས་ཀྱང་དཔའ་རིས་དམངས་གཞས་ཀྱི་ས་ཁོངས་ཁྱད་ཆོས་དང་དེ་བཞིན་དེའི་རིགས་དབྱེ་མ་ལག་སོགས་ཐུན་མིན་གྱི་ཁྱད་ཆོས་ངོ་སྤྲོད་གནང་བ་ རེད།
སྤྲོ་སེམས་རབ་ཏུ་འཁོལ་བའི་བགྲོ གླེང་བྱས་རྗེས་སྒྱུ་རྩལ་པ11གིས་དེ་གར་འཁྲབ་སྟོན་བྱས་ནས་སློབ་མ13ལ་གཞས་ཚིག་གཞས་གདངས་བསླབ་ཅིང་། སྒྱུ་རྩལ་པ་རྒན་རབས་ཚོས་ངག་སློབ་དཔེ་སྟོན་བྱས་པས་སློབ་མ་ཚོས་གཟབ་ནན་ངང་ཐོ་འགོད་དང་སྦྱོང་བ་བྱས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། 2008ལོར“དཔའ་རིས་ཀྱི་བོད་རིགས་དམངས་གཞས”རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་དཀར་ཆག་ཁག་གཉིས་པའི་ནང་བཅུག་ཚུན་དཔའ་རིས་རྫོང་གིས་དཔུང་ཁག་སྒྲིག་འཛུགས་བྱས་ཏེ་དཔའ་རིས་ཀྱི་རི་གྲོང་ཀུན་ཏུ་སོང་ནས་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་བཙལ་འཚོལ་ཐེངས་མང་བྱས་པ་རེད།
མིག་སྔའི་བར་ལོ་ཤས་སུ་འབད་འབུངས་བྱས་པ་བརྒྱུད་ས་ཆ་དེ་ནས་དམངས་གཞས་ 3000ལྷག་ཙམ་དང་དམངས་གཞས་ཀྱི་གདངས་རིགས50ལྷག་ཙམ་འཚོལ་བསྡུ་དང་ ལེགས་སྒྲིག་བྱས་ནས་ཡིག་འབྲུ་ཁྲི70ལྷག་ཡོད་པའི《བོད་གཞས་རྣམ་ཐོས་བང་མཛོད》དཔེ་སྐྲུན་བྱས་པ་དང་2010ལོར་སླར་ཡང་ཡིག་འབྲུ་ཁྲི30ལྷག་ཡོད་པའི《དཔའ་ རིས་ དམངས་གཞས་ཀྱི་གཞས་ཚིག་གཞས་གདངས་ལེགས་འདེམས》ཞེས་པ་ཡིག་སྒྱུར་བྱས་ནས་དཔེ་སྐྲུན་བྱས་པ་རེད།

འབྲེལ་ཡོད་འོས་སྦྱོར།