logo

མཚོ་སྔོན་བོད་སྨན་ཁང་གིས་ནད་པ་སྟབས་བདེ་ཡོངས་བར་འབད་པ་བྱེད་ཀྱི་ཡོད་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་། དུས་ཚོད།:2011-01-31 ཀློག་གྲངས།:
            ཉེ་སྔོན་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་ཞིང་ཆེན་འཕྲོད་བསྟེན་ཐུན་གྱི《མཚོ་སྔོན་ཞིང་ཆེན་སྨན་བཅོས་ཞབས་ཞུ་ལེགས་བཅོས་བྱེད་པའི་ཐབས་བཅུ་ལག་བསྟེར་བྱེད་པའི་བརྡ་སྦྱོར》ཞེས་པའི་ཡིག་ཆ་ལྟར།  ཚན་ཁག་སོ་སོ་འགོ་འཛིན་རྣམས་རྩ་འཛུགས་བྱས་ཏེ།  སྨན་བཅོས་ཞབས་ཞུ་ལེགས་བཅོས་བྱེད་པའི་ཐབས་བཅུ་ལག་བསྟེར་བྱེད་པའི་བྱ་འགུལ་སྤེལ་པ་མ་ཟད།  ད་དུང་རང་དང་མཐུན་པ་ཞིག་གཏན་འབེབས་བྱས།  བྱེད་ཐབས་འདིས་སྨན་བཅོས་ཞབས་ཞུ་སྤུས་ཚད་མཐོར་འདེགས་བྱེད་པ་དང་ཆབས་ཅིག  དམངས་ཚོགས་ཀྱིས་སྨན་བཅོས་བྱེད་པར་སྟབས་བདེ་བཟོ་ཐུབ། 
            བྱེད་ཐབས་བཅུ་པོ་ཐོག་མཐའ་བར་གསུམ་དུ〝བདེ་འཇགས་དང༌།  སྟབས་བདེ།  མགྱོགས་མྱུར།  སྤུས་ལེགས།〞བཅས་ཀྱི་སྨན་བཅོས་ཁོར་ཡུག་བརྗོད་བྱ་རུ་བྱས་ནས།  ནད་པའི་སྨན་ཁང་དུ་སྨན་བཅོས་བྱེད་པའི་སྣ་སོ་སོ་ནས་གོ་རིམ་ཅན་དང༌། སྟབས་བདེ་ཅན་གྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཡོད། 
      དང་པོ།  ངལ་གསོ་དུས་ཚོད་མེད་པའི་སྒོ་བསྟེན་ལམ་ལུགས་འཐུས་ཚང་དུ་བཏང་བ། སྨན་གཡོག་མི་སྣའི་ཁེ་དབང་ཁྲིམས་མཐུན་ཡིན་པར་ཁག་ཐེག་ཡོང་བ་དང་མཉམ་དུ།  གཟའ་གཅིག་གི་ངལ་གསོ་དུས་ཚོད་ཉིན་གཉིས་པོ་དང་དུས་ཆེན་གྱི་ངལ་གསོའི་དུས་ཚོད་ལ་ཚན་ཁག་སོ་སོར་སྨན་པ་དང་ནད་གཡོགས་ཡོད་ལ། གང་འཚེམས་གྱི་ཆེད་མཁས་སྒོ་བསྟེན་ཀྱི་ཞབས་ཞུ་ཡང་བཀོད་སྒྲིག་རྒྱུ། 
      གཉིས་པ།  སྨན་བཅོས་གོ་རིམ་ཇེ་ལེགས་སུ་བཏང་ནས་ནད་པར་སྟབས་བདེ་བཟོ་བ།  མྱུར་སྐྱོབ་སྟབས་བདེ་དང༌།  སྒེའུ་ཁུང་སོ་སོ་ནས་འཚང་ཁ་བྱེད་མི་དགོས་པར་ཨང་གྲངས་འབོད་པའི་མ་ལག་གིས་ཞབས་ཞུ་བྱེད་པ།  
      གསུམ་པ།  ནད་པར་ཞབས་ཞུ་བྱེད་པའི་སྒྲིག་ཁྲིམས་འཐུས་ཚང་དང་རེ་འདུན་ཅན་གྱིས་སྨནཁང་གི་ཞབས་ཞུ་ལག་བསྟར་བྱེད་པ། ནད་པའི་ཞབས་ཞུ་ལྟེ་གནས་སོགས་ཀྱི་ཞབས་ཞུ་སྡེ་ཁག་བཙུགས་ནས་བོད་སྐད་སོགས་གྲངས་ཉུང་མི་རིགས་ཀྱི་སྐད་རིགས་གོ་བའི་མི་སྣས་སྣེ་ལེན་དང་རོགས་རམ་བྱེད་པ།  
      བཞི་པ།  སྔོན་དུ་སྨན་བཅོས་དང་རྗེས་ནས་སྨན་རིན་སྤྲོད་པའི་ཞབས་ཞུ་རྣམ་པ་ཚོད་ལྟ་བྱེད་པ།  ནད་པའི་མྱུར་སྐྱོབ་སྨན་བཅོས་ཀྱི་སྐབས་སུ་འབའ་དངུལ་སྔོན་ལ་བཞག་རྗེས་རྣམ་གྲངས་སོ་སོའི་རྟག་དཔྱད་དུས་སུ་རེ་རེ་བཞིན་རིན་སྤྲོད་མི་དགོས། 
      ལྔ་པ།  གསུམ་གསུམ་ལམ་ལུགས་ལག་བསྟར་བྱེད་པ། རྟག་དཔྱད་སོགས་བྱས་པའི་མཇུག་འབྲས་ཁ་པར་དང་དྲ་རྒྱ།  མྱུར་བསྐྱེལ། ལག་ཁྱེར་ཁ་པར་གྱི་འཕྲིན་ཐུང་སོགས་ལས་འཚོལ་གཤེར་ཆོག་པ།  རྟག་དཔྱད་བྱས་པའི་ནད་པར་ཉིནདེར་རིནམེད་དུ་ནངས་ཇ་མཁོ་སྤྲོད་བྱེད།  
      དྲུག་པ།  ཁ་ཆད་བསྒོ་ནས་སྨན་བཅོས་ཀྱི་རྣམ་པར་བསྒྱུར་བ།  ནད་པའི་སྨན་བཅོས་བྱེད་པའི་དུས་ཚོད་ཇེ་འཐུང་དང་སྟབས་བདེ་ཡོངས་ཆེད་སྒོ་བསྟེན་གྱི་ཆེད་མཁས་ལ་ཁ་པར་དང༌།  དྲ་རྒྱ་སོགས་ཀྱི་ལམ་ནས་དུས་ཆད་བསྒོ་བ།  ད་དུང་ཁ་པར་གྱིས་ལམ་ནས་ནད་པའི་དྲི་བར་ལན་འདེབས་པ།  
      བདུན་པ།  སྨན་བཅོས་རྗེས་ཀྱི་ཞབས་ཞུ་རྣམ་པ་བཙལ་ནས་སྨན་བཅོས་ཞབས་ཞུ་ཇེ་རུང་དུ་གཏོང་པ།  ནད་པ་སྨན་ཁང་ནས་ཕྱིར་བུད་རྗེས་ཀྱི་གཟའ་འཁོར་གཅིག་གི་ནང་དུ་ཁ་པར་གྱི་ལམ་ནས་ནད་གཞི་འདྲི་རྟོགས་བྱས་ཏེ་རིམ་པར་བདེ་ཐང་ཡོངས་པའི་ཞབས་ཞུ་བསྒྲུབ་པ།  
      བརྒྱད་པ།  རིམ་པ་བཞིན་ཏུ་སྒོ་བསྟེན་ནད་ཐོ་〝དེབ་གཅིག་ཅན〞ཏུ་མངོན་བསྒྱུར་བྱེད་པ། 
      དགུ་པ།  ཞབས་ཞུ་སྒྲིག་ཆས་ལེགས་བསྒྱུར་དང་སྨན་བཅོས་ཁོར་ཡུག་ཇེ་ལེགས་སུ་གཏོང་བ།  
      བཅུ་པ།  དུས་ཚོད་ཐུང་ངུ་ནས་གྱོད་དོན་ཐག་གཅོད་བྱས་ནས་ནད་པའི་ཁེ་དབང་ལ་ཁག་ཐེག་བྱེད་པ།
      རྣམས་གྲངས་འདི་བཅུ་པོས་སྨན་ཁང་གི་ཡིད་ཚིམ་ཚད་ཇེ་མཐོ་དང༌།  ནད་ལ་བལྟ་དཀའ་བ་སོགས་ཀྱི་གནད་དོན་མང་པོ་ཞིག་ཐག་གཅོད་བྱེད་ཐུབ།


འབྲེལ་ཡོད་འོས་སྦྱོར།